ཡིག་ཚགས་དང་གཱ་བཟོས་པའི་རང་ལྗོངས་ཀྱི་དབུལ་ཕོངས་མི་འབོར་ཚང་མར་བདེ་འཇཌ་ལྡན་པའི་འཐུང་ཆུ་སྤྱོད་ཐུབ་ཡོད།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-12-04

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ཉིན་ཤས་གོང༌།  གསར་འགོད་པས་རང་སྐྱོང་ལྗོངས་ཆུ་བེད་ཐིང་ནས་ཤེས་རྟོགས་བྱས་པར་གཞིགས་ན།  ཡིག་ཚགས་དང་གཱ་བཟོས་པའི་རང་ལྗོངས་ཀྱི་དབུལ་ཕོངས་མི་འབོར་ལྷག་འཕྲོ་ཁྲི ༣.༢༣ ཡི་འཐུང་ཆུའི་བདེ་འཇགས་གནད་དོན་ཐག་གཅོད་བྱས་ཏེ།  ཞིང་འབྲོག་ཁུལ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་རྒྱུར་འགན་སྲུང་ཤུགས་ཆེ་བྱས་ཡོད།

སྤྱི་ལོ ༢༠༡༩ ལོར་ལྗོངས་ཡོངས་ཀྱི་གྲོང་གསེབ་འཐུང་ཆུའི་བདེ་འཇགས་སྲུང་སྐྱོང་ཐད་སྤྱད་པའི་མ་དངུལ་ནི་ལོ་རྒྱུས་ཐོག་མང་ཤོས་ཡིན་པ་དང༌།  རང་ལྗོངས་ཀྱིས་ཞིང་འབྲོག་དང་འབྲེལ་བའི་ནོར་སྲིད་མ་དངུལ་དང་ཤིན་ཏུ་དབུལ་བའི་ས་ཁུལ་འཛུགས་སྐྲུན་གྱི་མ་དངུལ།  བོད་སྐྱོར་མ་དངུལ་སོགས་སྒྲིལ་བཅོས་ཧུར་ཐག་བྱས་ནས་གྲོང་གསེབ་ཀྱི་འཐུང་ཆུའི་བདེ་འཇགས་ལས་གཞི་འཛུགས་སྐྲུན་ཐད་བཏང་ཡོད།  ད་བར་ཀྲུང་དབྱང་གི་ཁ་གསབ་མ་དངུལ་སྒོར་དུང་ཕྱུར ༥.༣༢ དང་དེ་མིན་ཐབས་ལམ་གྱི་མ་དངུལ་སྒོར་དུང་ཕྱུར ༡༤.༣༧ དོན་འཁྱོལ་བྱས་ཡོད།

སྤྱི་ལོ ༢༠༡༩ ལོའི་ཚུན་དུ།  རང་ལྗོངས་ཀྱིས་གྲོང་གསེབ་ཀྱི་འཐུང་ཆུའི་བདེ་འཇགས་འཁོར་རྒྱུག་དོ་དམ་གྱི་ས་གནས་སྲིད་གཞུང་གི་བྱེད་པོའི་འགན་འཁྲི་དང་།  གཙོ་གཉེར་ཚན་པའི་ལས་རིགས་ལྟ་སྡོམ་འགན་འཁྲི།  ཆུ་མཁོ་འདོན་ཚན་པའི་འཁོར་རྒྱུག་དོ་དམ་འགན་འཁྲི་བཅས་འགན་འཁྲི་གསུམ་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ།  ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་བ་དེ་བཞིན་བདག་སྐྱོང་འཁོར་རྒྱུག་ཚད་ལྡན་བཟོས་ཡོད།  ལོ་མཇུག་གོང་།  རང་ལྗོངས་ཀྱིས་ད་དུང་རྫོང་རིམ་པའི་གྲོང་གསེབ་འཐུང་ཆུའི་ལས་གཞི་འཁོར་རྒྱུག་དོ་དམ་ཚན་པ་དང་འཁོར་རྒྱུག་དོ་དམ་བྱ་ཐབས།  འཁོར་རྒྱུག་དོ་དམ་གྲོན་དངུལ་བཅས་ལམ་ལུགས་གསུམ་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་རྒྱུ་རེད།

ལྗོངས་ཡོངས་ཀྱི་གྲོང་གསེབ་ཆུ་མཁོ་འདོན་ལས་གཞིའི་འཁྱགས་འགོག་དྲོད་སྲུང་གི་གནད་དོན་ཐག་གཅོད་ནུས་ལྡན་བྱ་ཆེད།  སྤྱི་ལོ ༢༠༡༩ ལོར་ལྗོངས་ཡོངས་ཀྱིས་ཁྱོན་གྲོང་གསེབ་ཀྱི་འཐུང་ཆུའི་སྒྲིག་བཀོད་རྒྱུན་ལྡན་ཉམས་བཟོ་བདག་སྐྱོང་གི་མ་དངུལ་སྒོར་ཁྲི ༥༡༦༩ དོན་འཁྱོལ་བྱས་ནས།  ལས་གཞིའི་ཁུལ ༢༦༩༡ ཉམས་བཟོ་བདག་སྐྱོང་བྱས་ཏེ་མི་ཁྲི ༤༩ ལ་ཕན་པ་ཐོབ་ཡོད་པ་དང་ཆབས་ཅིག  ལྗོངས་ཆུ་བེད་ཐིང་གིས་དབུལ་སྐྱོར་གཞུང་ལས་ཁང་དང་མཉམ་འབྲེལ་ངང་།  གྲོང་གསེབ་འཐུང་ཆུའི་བདེ་འཇགས་ཀྱི་དབུལ་གྲོལ་འགག་སྒྲོལ་གྱི་ཕྱིར་མིག་བལྟ་བའི་ཞིབ་བཤེར་ཆེ་མོ་སྒྲིག་འཛུགས་བྱས་ཏེ་ས་གནས་ས་ཐོག་ཏུ་ལྟ་ཞིབ་དང་མང་ཚོགས་ལ་བཅར་འདྲི།  ལས་བྱེད་པར་བགྲོ་གླེང༌།  བརྟག་དཔྱད་འདྲི་ཤོག་སྤྲོད་པ།  ཁ་པར་ཐོག་བཅར་འདྲི་སོགས་བརྒྱུད་གྲོང་གསེབ་འཐུང་ཆུའི་བདེ་འཇགས་ཀྱི་དབུལ་གྲོལ་འགག་སྒྲོལ་དང་མངོན་གསལ་དོད་པའི་གནད་དོན་ལ་མངོན་བཤེར་ལྐོག་ཞིབ་བྱས་ནས།  ཁྱོན་རྫོང་༼ཆུས༽ ༢༥ ཡི་རང་བྱུང་གྲོང་ཚོ༼རུ་ཁག༽ ༡༣༠ ལྷག་གི་གྲོང་གསེབ་ཀྱི་འཐུང་ཆུའི་བདེ་འཇགས་ལས་གཞིར་ལྟ་ཞིབ་བྱས་པ་དང༌།  ཆུ་བེད་སྤྱོད་གཏོང་མཁན་དུད་ཚང་དང་གྲོང་གསེབ་ཀྱི་ལས་བྱེད་པ ༤༠༠ ལྷག་ལ་བཅར་འདྲི་བྱས་རྗེས་ཞིབ་བཤེར་གནད་དོན་པར་འགྲེམས་བྱས་ནས་བཅོས་སྒྲིག་ལས་ཐོ་བཟོས་པ་དང་ལྟ་སྐུལ་གཉེར་སྒྲུབ་བྱས་ཡོད།  སྤྱི་ཟླ ༡༡ པའི་ཚེས ༢༠ ཉིན་བར།  ཆེད་དོན་བཅོས་སྒྲིག་གི་གནད་དོན་ཞིབ་ཐོའི་ནང་བཅུག་པའི་ཉམས་བཟོ་བདག་སྐྱོང་གནད་ལ་མ་འཁེལ་བའི་རྐྱེན་པས་རྒྱུན་ལྡན་གྱི་ཆུ་མཁོ་འདོན་ལ་ཤུགས་རྐྱེན་བཟོས་པའི་གྲོང་གསེབ་ཀྱི་ཆུ་མཁོ་འདོན་ལས་གཞི ༡༤༠ ཡོངས་ཐག་གཅོད་བྱས་ཟིན་ཡོད།།

  ༼  རྩོམ་སྒྲིག་ངག་དབང་། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]