ཕུ་མདོ་ཆུ་མཛོད་ཀྱི་ཆུ་འདྲེན་ཕུག་ལམ་ནས་དངོས་སུ་ཆུ་འདྲེན་ཐུབ་པ།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-12-05

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ལྷ་ས་གྲོང་ཁྱེར་ལྷུན་གྲུབ་རྫོང་ཕུ་མདོ་ཆུ་བེད་ལྟེ་བའི་ལས་གཞི་ནི་སྤྱི་ལོ ༢༠༠༩ ལོའི་ཟླ་བདུན་པར་ལས་འགོ་བཙུགས་པ་ཞིག་ཡིན་ཞིང་།  སྤྱི་ལོ ༢༠༡༣ ལོའི་ཟླ་བཅུ་པར་ཆུ་གསོག་ཐུབ་པ་དང་ཉེ་དུས་ཆུ་འདྲེན་ཕུག་ལམ་ནས་དངོས་སུ་ཆུ་འདྲེན་ཐུབ་ཡོད།

ཕུ་མདོ་ཆུ་བེད་ལྟེ་བའི་ལས་གཞི་བསྐྲུན་ཟིན་རྗེས་ཞིང་ཁ་མུའུ་ཁྲི་ཚོ ༦༥.༢༨ ལ་ཆུ་གཏོང་ཐུབ་པ་དང་།  ལོ་ལྟར་ལྷ་ས་གྲོང་ཁྱེར་གྱི་བཟོ་ལས་ཐད་ཆུ་སྤྱི་ཁྲེ་རྒྱ་དཔངས་གྲུ་བཞི་མ་ཁྲི་ཚོ ༨༥༠༠ མཁོ་འདོན་ཐུབ་པ་མ་ཟད།  སྤྱི་ལོ ༢༠༡༣ ལོའི་ཟླ་བ་བཅུ་གཉིས་པའི་ཚུན་ནས་ད་ལོའི་སྤྱི་ཟླ་བཅུ་གཅིག་པའི་ཚེས ༢༠ ཉིན་བར་བོད་དབུས་རྒྱུད་གློག་དྲར་གློག་ནུས་ཏུའུ་དུང་ཕྱུར ༣༠.༡༣ མཁོ་སྤྲོད་ཀྱང་བྱས་པས།  བོད་དབུས་རྒྱུད་ཁུལ་གྱི་གློག་མི་འདེང་བའི་གནད་དོན་དང་ལྷག་པར་དུ་དགུན་དུས་གློག་ཁ་ཐང་བའི་གནད་དོན་ཐག་གཅོད་ཐུབ་རྒྱུར་ནུས་པ་གལ་ཆེན་ཐོན་ཡོད།
ཤེས་རྟོགས་བྱས་པར་གཞིགས་ན།  ཆུ་འདྲེན་དང་གློག་གཏོང༌།  ཆུ་ལོག་སྔོན་འགོག  གྲོང་ཁྱེར་གྱི་བཟོ་ལས་ཐད་ཆུ་མཁོ་འདོན་བཅས་གཞི་གཅིག་ཏུ་སྒྲིལ་བའི་ཕུ་མདོ་ཆུ་བེད་ལྟེ་བའི་ལས་གཞི་ནི།  རྒྱལ་ཁབ་ཀྱིས་ནུབ་རྒྱུད་ཐོན་འབྱེད་ཆེན་མོའི་འཐབ་ཇུས་ལག་བལྟར་བྱས་ནས་ལོ་བཅུ་འཁོར་སྐབས་གཏན་འཁེལ་བྱས་པའི་གཙོ་གནད་རྣམ་གྲངས ༢༣ གྱི་གྲས་ཤིག་ཡིན།།

  ༼  རྩོམ་སྒྲིག་ནོར་བུ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]