མངའ་རིས་ཀྱིས་ཤེས་ལྡན་པའི་དཔུང་ཁག་སྟོབས་ཆེ་བཏང་ནས་དཔལ་འབྱོར་གོང་འཕེལ་ཡོང་རྒྱུར་མཐུན་རྐྱེན་སྦྱར།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-12-06

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ཉེ་བའི་ལོའི་རིང་།  མངའ་རིས་ས་ཁུལ་གྱིས་ཤེས་ལྡན་པ་གཅིག་བསྡུས་དང་ནང་འདྲེན།  གསོ་སྐྱོང༌།  བེད་སྤྱོད།  གཞིས་ཆགས་བཅས་ཀྱི་བྱ་སྤྱོད་ལག་བསྟར་གཏིང་ཟབ་བྱས་པར་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ནས།  སྤུས་ཚད་མཐོ་པོའི་ངང་བོད་ཀྱི་དཔལ་འབྱོར་སྟོབས་ཆེའི་ཁུལ་གོང་འཕེལ་དང་འཛུགས་སྐྲུན་བྱེད་ཆེད་ཤེས་ལྡན་པའི་འདེགས་སྐྱོར་ནུས་ལྡན་བྱས་ཡོད།

མངའ་རིས་ས་ཁུལ་གྱིས་ཤེས་ལྡན་པའི་ལས་ཀའི་ལམ་ལུགས་ལམ་སྲོལ་ལེགས་སུ་བཏང་ནས།  ཤེས་ལྡན་པ་ནང་འདྲེན་ཁག་པ་དང་གཞིས་ཆགས་དཀའ་བའི་གནད་དོན་ཐག་གཅོད་བྱས་པ་དང་ཆབས་ཅིག  ཐོན་ལས་བཀོད་ཁྱབ་དང་བསྟུན་ནས་རྣམ་གྲངས་ཆེ་གྲས་ཀྱི་ཤེས་ལྡན་པའི་འདེགས་སྐྱོར་འཆར་གཞིར་སྐུལ་སྤེལ་ཤུགས་ཆེ་བཏང་ཞིང་།  སྔ་ཕྱི་བསྡོམས་མ་དངུལ་སྒོར་དུང་ཕྱུར ༡.༩ བཏང་ནས་སྒར་རྫོང་སེང་གེ་ཁ་བབ་གྲོང་རྡལ་གྱི་ཐོན་ལས་གཅིག་བསྡུས་ཁུལ་དང་ཁུ་ལུ་དཀར་པོའི་རའི་རྟེན་གཞི།  མཐོ་ལྡིང་གྲོང་རྡལ་གྱི་འབྱུང་འཕྲོད་སྔོ་ཚལ་འདེབས་འཛུགས་མཐུན་ཚོགས་སོགས་བཙུགས་ཏེ་གོ་ཆོད་ཤེས་ལྡན་མི་སྣར་རྩལ་ནུས་འདོན་ས་མཁོ་སྤྲོད་བྱས་ཡོད།  གཞན་ཡང་།  ཕུལ་བྱུང་ཤེས་ལྡན་པ་ཁག་ཅིག་ལོ་ལྔ་ཚན་བཅུ་གསུམ་པའི་གཙོ་གནད་འཛུགས་སྐྲུན་རྣམ་གྲངས་དང་གྲོང་གསེབ་དར་རྒྱས་རྣམ་གྲངས།  ཁྱད་ལྡན་ཞིང་འབྲོག་ལས་རྣམ་གྲངས།  སྨན་ཁང་རིམ་པ་གསར་འཛུགས་སོགས་གཙོ་གནད་རྣམ་གྲངས་འཛུགས་སྐྲུན་ནང་འདེམ་མངག་བྱས་པ་མ་ཟད།  ཤེས་ལྡན་པའི་ཕྱོགས་སྟོན་འཆར་གཞི་ལག་ལེན་བསྟར་ཏེ་ཤེས་ལྡན་པས་བོད་ཀྱི་ས་གཞི་ཆེ་མོར་བྱས་རྗེས་འཇོག་རྒྱུར་ཡིད་འགུགས་བྱ་ཆེད་ཡངས་ཤིང་རྒྱ་ཆེ་བའི་སྟེགས་བུ་མཁོ་འདོན་ཡང་བྱས་ཡོད།

སྤྱི་ལོ ༢༠༡༦ ལོའི་ཚུན་དུ།  ས་ཁུལ་དེ་ཡོངས་ཀྱིས་རིགས་ཁག་གི་ལས་བྱེད་ཤེས་ལྡན་པ ༢༧༣༤ ནང་འདྲེན་བྱས་པའི་ཁྲོད།  དངོས་གཞིའི་ཚན་ཁག་ཡན་གྱི་ཡོན་ཚད་ལྡན་མཁན ༢༠༧༧ ཡོད་པས་ཤེས་ལྡན་པའི་སྟོང་ཆ་གང་ལེགས་བསྐངས་ཐུབ་སྟེ་ཤེས་ལྡན་པ་སྤུས་འབོར་གཉིས་ལྡན་ཐུབ་ཡོད།  གཞན་ཡང་།  མངའ་རིས་ས་ཁུལ་གྱིས་ལས་བྱེད་ཤེས་ལྡན་པ་ས་ཁུལ་ཐད་གཏོགས་ཚན་པ་དང༌།  རྫོང་དང་ཤང་གི་གཞི་རིམ་འཐབ་ས་དང་པོ།  ནང་སའི་ལས་ཁུངས་བཅས་སུ་སློབ་སྦྱོང་དང་སྤེལ་རེས་ཀྱི་སྦྱོང་བརྡར་དང་ལེན་བྱེད་པར་མངག་པ་དང་སྦྲགས།  ཚོགས་སྒྲིག་རྣམ་པའི་བོད་སྐྱོར་ཤེས་ལྡན་པའི་གོ་སྐབས་ལ་བརྟེན་ཏེ་ཚོགས་པས་ཚོགས་པར་སྣེ་ཁྲིད་དང་རིགས་གཅིག་མཁས་ཅན་གྱིས་རྐང་འཛིན་པ་ཁྲིད་པ།  དགེ་རྒན་གྱིས་སློབ་མ་ཁྲིད་པ་སོགས་ཀྱི་བྱ་ཐབས་བཟུང་ནས་ས་ཆ་དེ་གའི་སྨན་བཅོས་སློབ་གསོའི་ཁྱབ་ཁོངས་ཀྱི་རྐང་འཛིན་ཤེས་ལྡན་པ ༩༧ གསོ་སྐྱོང་བྱས་པས།  ས་ཆ་དེ་གའི་ཤེས་ལྡན་པའི་དཔུང་ཁག་གི་ཕྱོགས་བསྡུས་འཇོན་ཐང་ཆེ་རུ་ཕྱིན་ཡོད།  ད་དུང་ལས་བྱེད་པར་སེམས་ཁུར་དང་བྱམས་སྐྱོང་གི་ཐེབས་རྩ་བཙུགས་ནས་གཅིག་བསྡུས་དྲོད་རླངས་དང་གསོ་རླུང་མཁོ་འདོན་ལས་གཞི་ཡག་པོ་སྒྲུབ་སྟེ།  བདེ་ཐང་བདེ་སྲུང་འགན་སྲུང་མ་ལག་འཐུས་ཚང་བཟོས་ཏེ་ཕྱོགས་ཁག་གི་འགན་སྲུང་ཆུ་ཚད་མཐོ་རུ་བཏང་བས།  རྒྱུན་ཆད་མེད་པར་ལས་བྱེད་ཤེས་ལྡན་པའི་གཟི་བརྗིད་ཚོར་སྣང་དང་གཏོགས་སེམས།  ཐོབ་སེམས་བཅས་ཆེ་རུ་ཕྱིན་པ་མ་ཟད་ཁོང་ཚོར་ལུས་བདེ་སེམས་སྐྱིད་ངང་ལས་ཀར་གཞོལ་རྒྱུར་སྐུལ་མ་ཡང་ཐེབས་ཡོད།།

  ༼  རྩོམ་སྒྲིག་ངག་དབང་། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]