ཀྲུའུ་ཀྲུང་ཁུའེ་ཡིས་གསར་འགོད་པའི་བཅར་འདྲི་དང་ལེན་གནང་ནས་མངའ་རིས་ཀྱི་གོང་འཕེལ་སྐོར་གླེང་།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2020-01-13

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ཉེ་དུས།  བོད་རང་སྐྱོང་ལྗོངས་ཀྱི་ཚོགས་འདུ་གཉིས་ལ་ཞུགས་མཁན་ལྗོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི། མངའ་རིས་ས་ཨུད་ཀྱི་ཧྲུའུ་ཅི་ཀྲུའུ་ཀྲུང་ཁུའེ་ཡིས་གསར་འགོད་པའི་བཅར་འདྲི་དང་ལེན་གནང་སྐབས།  སྤྱི་ལོ ༢༠༡༩ ལོར་མངའ་རིས་ས་ཨུད་དང་སྲིད་འཛིན་ཀུང་ཧྲུའུ་ཡིས་བརྟན་ཐོག་ཡར་འཕེལ་དང་ཡར་ཐོག་ཡག་བརྩོན།  ཆད་སྐྱོན་གསབ་པ་བཅས་ཀྱི་སྤྱིའི་དགོངས་གཞི་རྒྱུན་འཁྱོངས་བྱས་ཏེ།  དེང་རབས་ཅན་གྱི་དཔལ་འབྱོར་མ་ལག་འཛུགས་སྐྱོང་མགྱོགས་པོ་བྱས་པ་དང་།  དམངས་འཚོ་འགན་སྲུང་དང་ལེགས་བཅོས་བྱེད་རྒྱུ་མངོན་ཆེར་འཛིན་ནས།  གཅིག་གྱུར་འཆར་འགོད་ཐོག་འཕར་སྣོན་བརྟན་པོ་དང་བསྒྱུར་བཅོས་ལ་སྐུལ་སྤེལ།  གྲུབ་ཆ་ལེགས་སྒྲིག  དམངས་འཚོར་ཕན་འདོགས་པ།  བརྟན་ལྷིང་འགན་སྲུང་།  ཉེན་ཁ་འགོག་ཟོན་བཅས་ཀྱི་ལས་དོན་ཁག་ཡག་པོ་བསྒྲུབས་ཏེ་མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དང་སྐྱིད་སྣང་།  བདེ་སྣང་བཅས་རྒྱུན་ཆད་མེད་པར་ཆེ་རུ་བཏང་བ་དང་།  དཔལ་འབྱོར་རྒྱུན་མཐུད་སྐྱོན་བྲལ་ངང་གོང་འཕེལ་ཡོང་རྒྱུ་དང་སྤྱི་ཚོགས་སྤྱི་ཡོངས་རྒྱུན་མཐུད་ཞི་མཐུན་བརྟན་ལྷིང་ཡོང་རྒྱུར་སྐུལ་སྤེལ་བཏང་ཡོད་ཅེས་གསུངས།

ཀྲུའུ་ཀྲུང་ཁུའེ་ཡིས།  སྤྱི་ལོ ༢༠༡༩ ལོར་མངའ་རིས་ས་ཁུལ་གྱིས་བསྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུར་དམ་འཛིན་བྱས་ནས་གོང་འཕེལ་གྱི་འགུལ་ཤུགས་ཆེ་རུ་བཏང་སྟེ།  ཚོང་དོན་ལམ་ལུགས་བསྒྱུར་བཅོས་དང་།  ནོར་ཁྲལ་དང་དངུལ་རྩའི་སྒྲིག་གཞི་བསྒྱུར་བཅོས།  གཞུང་ཁོངས་ཁེ་ལས་དང་གཞུང་ཁོངས་རྒྱུ་ནོར་བསྒྱུར་བཅོས།  ཞིང་འབྲོག་ཁུལ་བསྒྱུར་བཅོས་བཅས་ལ་དམ་འཛིན་ནན་པོ་བྱས་པ་དང་།  དམངས་འཚོ་ལེགས་བཅོས་ལ་དམ་འཛིན་ནན་པོ་བྱས་ནས་མི་དམངས་ཀྱི་ཕན་བདེ་ཆེ་རུ་བཏང་ཞིང་མ་དངུལ་སྒོར་དུང་ཕྱུར ༤༣ སྒྲིལ་བཅོས་བྱས་ཏེ་དམངས་འཚོའི་ལས་གཞི་བཅུའི་རྣམ་གྲངས ༥༢ ཀྱི་འཛུགས་སྐྲུན་ལ་རྒྱུན་མཐུད་སྐུལ་འདེད་བཏང་བ་དང་།  སློབ་གསོའི་བྱ་གཞག་གོང་འཕེལ་མགྱོགས་པོ་བཏང་བ།  བདེ་ཐང་མངའ་རིས་འཛུགས་སྐྲུན་མགྱོགས་པོ་བྱས་པ།  ཞིང་འབྲོག་པའི་འབབ་འཕར་གྱི་ཕུགས་ཕན་ལམ་སྲོལ་བཙུགས་པ།  རིག་གནས་བྱ་གཞག་གོང་འཕེལ་མགྱོགས་པོ་བཏང་བ།  སྤྱི་ཚོགས་འགན་སྲུང་མ་ལག་བཙུགས་པ་དང་འཐུས་སྒོ་ཚང་དུ་བཏང་བ་བཅས་བྱས་པ་དང་།  རྣམ་གྲངས་འཛུགས་སྐྲུན་ལ་དམ་འཛིན་བྱས་ནས་དཔལ་འབྱོལ་གོང་འཕེལ་ལ་སྐུལ་འདེད་བཏང་ཞིང་།  ཤིན་ཅང་མིན་ཧྥོང་ནས་སྒེར་རྩེ་བར་གྱི་རྒྱལ་སྲུང་གཞུང་ལམ་འཛུགས་སྐྲུན་ཧུར་ཐག་བྱས་པ་དང་སྤུ་ཧྲེང་གི་ཡན་ལག་འབབ་ཐང་འཛུགས་སྐྲུན་གྱི་འཕེལ་རིམ་བདེ་བླག་བྱུང་བ།  དབུལ་གྲོལ་འགག་སྒྲོལ་ལ་དམ་འཛིན་བྱས་ནས་ལོ་བཞིའི་ནང་དུད་ཚང་ཁྱོན ༦༢༡༤ ཡི་མི་ཁྲི ༢.༣༢༣ དབུལ་གྲོལ་ཐུབ་པ་དང་།  སྤྱི་ལོ ༢༠༡༩ ལོར་དུད་ཚང་ ༡༨༣༣ གྱི་མི ༦༧༩༩ དབུལ་གྲོལ་ཐུབ་པ་བྱས་པ།  སྐྱེ་ཁམས་ཤེས་དཔལ་ལ་དམ་འཛིན་བྱས་ནས་མཛེས་སྡུག་ལྡན་པའི་མངའ་རིས་འཛུགས་སྐྲུན་བྱས་ཤིང་རྒྱལ་ཁོངས་སྔོ་ལྗང་ཅན་གྱི་ལས་གཞིར་སྐུལ་འདེད་བཏང་བ་དང་།  སྐྱེ་ཁམས་ཁོར་ཡུག་གི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་སྣོན་བརྒྱབ་པ།  སྐྱེ་ཁམས་ཐོན་ལས་གོང་འཕེལ་མགྱོགས་སུ་བཏང་བ།  སྐྱེ་ཁམས་དཔེ་སྟོན་འཛུགས་སྐྱོང་བྱས་པ།  ཁོར་ཡུག་གི་ཆོག་འཐུས་འགག་སྒོ་ནན་པོ་སྲུང་བ་བཅས་བྱས་ནས་ཁོར་ཡུག་སྲུང་སྐྱོབ་ཀྱི་གནད་དོན་བཅོས་སྒྲིག་ཧུར་ཐག་བྱས་པ་མ་ཟད།  ཏང་འཛུགས་སྐྱོང་ལ་དམ་འཛིན་བྱས་ཏེ་སྲིད་འཛིན་གྱི་རྨང་གཞི་ཡང་བརྟན་དུ་བཏང་བས།  སྤྱི་ལོ ༢༠༡༩ ལོར་མངའ་རིས་ས་ཁུལ་གྱིས་ཐོན་སྐྱེད་ཀྱི་སྤྱིའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར ༦༢.༤ ལེགས་སྒྲུབ་ཐུབ་པ་དེ་དུས་མཚུངས་པ་ལས་བརྒྱ་ཆ ༡༢.༢ འཕར་བ་དང་།  གཏན་འཇགས་རྒྱུ་ནོར་གྱི་མ་འཇོག་སྒོར་དུང་ཕྱུར ༦༠ ལེགས་སྒྲུབ་ཐུབ་པ་དེ་དུས་མཚུངས་པ་ལས་བརྒྱ་ཆ ༥.༦ འཕར་བ།  གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མིའི་ཆ་སྙོམས་ལག་ཡོད་ཡོང་འབབ་སྒོར་ཁྲི ༣.༩༨༧༩ ཟིན་པ་དེ་དུས་མཚུངས་པ་ལས་བརྒྱ་ཆ ༡༠ འཕར་བ།  གྲོང་གསེབ་ཀྱི་གྲོང་མིའི་ཆ་སྙོམས་ལག་ཡོད་ཡོང་འབབ་སྒོར་ཁྲི ༡.༢༢༨༡ ཟིན་པ་དེ་དུས་མཚུངས་པ་ལས་བརྒྱ་ཆ ༡༣ འཕར་བ་བཅས་རེད་ཅེས་ངོ་སྤྲོད་གནང་།།

  ༼  རྩོམ་སྒྲིག་ངག་དབང་། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]