རྒྱལ་ཁབ་ལོ་རྒྱུས་རིག་གནས་གྲགས་ཅན་གྲོང་རྡལ་གྱི་མིང་གཞུང་ནང་བོད་ཀྱི་གྲོང་རྡལ་གསུམ་ཚུད།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2020-01-14

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

སྤྱི་ལོ ༢༠༡༩ ལོར་གཞིས་རྩེ་གྲོང་ཁྱེར་གཏིང་སྐྱེས་རྫོང་འདྲེན་ཐང་གྲོང་རྡལ་དང་ལྷོ་ཁ་གྲོང་ཁྱེར་གོང་དཀར་རྫོང་ལྕེ་བདེ་ཞོལ་གྲོང་རྡལ།  མངའ་རིས་ས་ཁུལ་རྩྭ་མདའ་རྫོང་མཐོ་ལྡིང་གྲོང་རྡལ་བཅས་གྲོང་རྡལ་གསུམ་རྒྱལ་ཁབ་ཀྱི་ལོ་རྒྱུས་རིག་གནས་གྲགས་ཅན་གྲོང་རྡལ་གྱི་མིང་གཞུང་ནང་ཚུད་པ་རེད།

དེང་སྐབས་རང་ལྗོངས་སུ་རྒྱལ་ཁབ་རིམ་པའི་ལོ་རྒྱུས་རིག་གནས་གྲགས་ཅན་གྲོང་ཁྱེར་གསུམ་དང་ལོ་རྒྱུས་རིག་གནས་གྲགས་ཅན་གྲོང་རྡལ་ལྔ།  ལོ་རྒྱུས་རིག་གནས་གྲགས་ཅན་གྲོང་ཚོ་བཞི་བཅས་ཡོད།

སྤྱི་ལོ ༢༠༡༩ ལོར་རང་ལྗོངས་ཀྱིས་ཆེད་དོན་གྲོན་དངུལ་ཁྲི་ཚོ ༣༨ ལྷག་ཙམ་བཀོད་སྒྲིག་བྱས་ཏེ།  གྲོང་ཁྱེར༼ ས་ཁུལ ༽ཁག་ནས་ལྗོངས་ཡོངས་ཀྱི་ལོ་རྒྱུས་ཁྲོམ་གཞུང་ཁུལ་དབྱེ་རྒྱུ་དང་ལོ་རྒྱུས་ཨར་སྐྲུན་གཏན་འཁེལ་གྱི་ལས་དོན་སྤེལ་རྒྱུ་སྒྲིག་འཛུགས་བྱས་པ་དང་།  ལྗོངས་ཡོངས་སུ་ལོ་རྒྱུས་ཁྲོམ་གཞུང་ཁུལ་ལྔ་དང་ལོ་རྒྱུས་ཨར་སྐྲུན ༢༩༡ རེ་ཞུ་བྱས་པའི་ནང་གྲོང་ཚོ ༡༦ ཀྲུང་གོའི་སྲོལ་རྒྱུན་གྲོང་སྡེའི་མིང་གཞུང་ནང་ཚུད་ཡོད།།

  ༼  རྩོམ་སྒྲིག་གསལ་དགའ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]