སེམས་ཁམས་སློབ་གསོར་ཤུགས་སྣོན་བརྒྱབ་ནས་མི་ཆོས་ལྡན་པའི་སེམས་ཁུར་བྱེད་དགོས།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2020-02-11

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ཉེ་དུས་མི་དམངས་ཉིན་རེའི་ཚགས་པར་ཐོག  སེམས་ཁམས་སློབ་གསོར་ཤུགས་སྣོན་བརྒྱབ་ནས་མི་ཆོས་ལྡན་པའི་སེམས་ཁུར་བྱེད་དགོས་ཞེས་པའི་དཔྱད་གཏམ་པའི་རྩོམ་ཡིག་ཞིག་སྤེལ་ཡོད།
རྩོམ་ཡིག་ནང་གློ་བུར་དུ་ཐོན་པའི་ནད་ཡམས་དེས་སྤྱི་དམངས་ཀྱི་གཟུགས་གཞི་བདེ་ཐང་ལ་ཉེན་ཁ་བཟོས་ཡོད་ལ་མི་རྣམས་ཀྱི་སེམས་ཁམས་བདེ་ཐང་ལ་ཡང་ཤུགས་རྐྱེན་བཟོས་ཡོད་པས།  དུས་ཐོག་ཏུ་སེམས་ཁམས་སློབ་གསོར་ཤུགས་སྣོན་བརྒྱབ་ནས་མི་ཆོས་ལྡན་པའི་སེམས་ཁུར་ཡག་པོ་བྱེད་རྒྱུ་དེ་ནི།  ཐེངས་འདིའི་ནད་ཡམས་སྔོན་འགོག་ཚོད་འཛིན་གྱི་འགོག་རྒོལ་ལ་རྒྱལ་ཁ་ལེན་པའི་ལྷུ་ཚིགས་གལ་ཆེན་ཞིག་རེད།  སྤྱི་ཟླ ༢ པའི་ཚེས ༣ ཉིན།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་ཆབ་སྲིད་ཅུས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་སྐོང་ཚོགས་གནང་ནས།  ནད་ཡམས་སྔོན་འགོག་ཚོད་འཛིན་གྱི་གོམ་སྟབས་རྗེས་མའི་ལས་དོན་ལ་ཞིབ་འཇུག་གནང་བ་དང་།  ཚོགས་འདུའི་ཐོག  སེམས་ཁམས་སློབ་གསོར་ཤུགས་སྣོན་བརྒྱབ་ནས་མི་ཆོས་ལྡན་པའི་སེམས་ཁུར་བྱེད་རྒྱུ་དེ་ང་ཚོས་དེ་བས་གཏིང་ཟབ་དང་ཞིབ་ཚགས་ངང་མང་ཚོགས་ལས་དོན་ཡག་པོ་སྒྲུབ་པ་དང་།  ཚན་རིག་དང་མཐུན་པའི་འགོག་བཅོས་བླང་བྱ་དོན་འཁྱོལ་གཏིང་ཟབ་བྱས་ནས།  ཆོད་སེམས་བརྟན་པོའི་ངང་ནད་ཡམས་སྔོན་འགོག་ཚོད་འཛིན་གྱི་མི་དམངས་དམག་འཐབ་ལ་རྒྱལ་ཁ་ལེན་རྒྱུར་མཛུབ་ཁྲིད་ཀྱི་དོན་སྙིང་གལ་ཆེན་ལྡན་ཡོད་ཅེས་ནན་གསུངས་གནང་ཡོད།
ཕྱོགས་ཁག་གི་ཐུན་མོང་འབད་བརྩོན་འོག  ཕྱོགས་གང་ཐད་དང་ལངས་གཟུགས་ཅན།  ཁྱོན་ཡོངས་ལ་ཁྱབ་པ་བཅས་ཀྱི་སེམས་ཁམས་སློབ་གསོའི་སྒྲིག་གཞི་རིམ་བཞིན་ཆགས་བཞིན་ཡོད།  སེམས་ཁམས་ཀྱི་སློབ་གསོར་ཤུགས་སྣོན་རྒྱག་པར་རིགས་དབྱེའི་ཁྲིད་སྟོན་བྱེད་དགོས་པ་དང་།  མི་ཚོགས་མི་འདྲ་བའི་ཁྱད་ཆོས་ལ་གཞིགས་ནས་ཤུགས་རྐྱེན་ཐེབས་པའི་མི་ཚོགས་ལ་སེམས་ཁམས་ཀྱི་བདེ་ཐང་ཞབས་ཞུ་སྒྲུབ་དགོས་པ་དང་།  དགོས་མཁོ་ཡོད་མཁན་གྱི་མི་ཚོགས་ལ་སེམས་ཁམས་ཀྱི་ཁྲིད་སྟོན་བྱེད་དགོས་པ་མ་ཟད།  ནད་ཡམས་དེས་རྐྱེན་པས་སེམས་ཁམས་ལ་ཤུགས་རྐྱེན་བཟོ་རྒྱུ་སྔོན་འགོག་དང་ཉུང་གཏོང་།  ཚོད་འཛིན་གང་ཐུབ་བཅས་ཧུར་ཐག་བྱེད་དགོས།  མི་ཆོས་ལྡན་པའི་སེམས་ཁུར་ཡག་པོ་བྱེད་པར་མི་ཚོགས་མི་འདྲ་བའི་སེམས་ཁྲལ་སེལ་རོགས་བྱེད་དགོས།  སེམས་ཁམས་ཀྱི་དགོས་མཁོར་བསམ་གཞིགས་གང་ལེགས་ཐུབ་པ་བྱས་ཏེ།  དོན་དངོས་དཀའ་ངལ་ཧུར་ཐག་སེལ་བ་དང་རྒྱབ་སྐྱོར་དང་འགན་སྲུང་ནུས་ལྡན་བྱས་ཚེ།  སྔོན་འགོག་ཚོད་འཛིན་གྱི་འཐབ་ཕྱོགས་དང་པོར་འབད་འཐབ་བྱེད་མཁན་དཔའ་བོ་ཚོས་གཞི་ནས་བློ་གཅིག་སེམས་གཅིག་དང་ཐེ་ཚོམ་སྤུ་ཙམ་མེད་པའི་སྒོ་ནས་ནད་ཡམས་ལ་འགོག་རྒོལ་བྱེད་ཐུབ་པ་དང་ཆབས་ཅིག  ཐོན་སྐྱེད་དང་འཚོ་བའི་སྒྲིག་ལམ་རྒྱུན་འཁྱོངས་ཐུབ་སྟེ་གྲོང་མིའི་འཚོ་བའི་མཁོ་ཆས་མཁོ་སྤྲོད་ཐུབ་པ་དང་།  མི་དམངས་མང་ཚོགས་ཚོས་གཞི་ནས་བློ་བདེ་བག་ཕེབས་ངང་ཁྱིམ་སྡོད་འགོག་སྲུང་ཡག་པོ་བྱེད་ཐུབ་ཅེས་འཁོད་ཡོད།
རྩོམ་ཡིག་ནང་ནད་ཡམས་འགོག་ཟོན་ཁྲོད་སེམས་པ་སྐྱིད་པོ་དང་སྤྲོ་སྣང་ལྡན་པ་བྱེད་རྒྱུ་གལ་འགངས་ཆེ་བས།  མི་སྒེར་གྱི་ངོས་ནས་བཤད་ན།  དཔྱོད་ཤེས་དང་ཞི་ལྷོད་ཐོག་ནས་ནད་ཡམས་ལ་ཚན་རིག་དང་མཐུན་པའི་ངོས་འཛིན་བྱེད་པ་དང་།  མི་སྒེར་ནས་འགོག་སྲུང་བྱ་ཐབས་ཡག་པོ་བཟུང་ཐོག་དཀྲོག་གཏམ་ལ་ཡིད་ཆེས་མི་བྱེད་པ་དང་དཀྲོག་གཏམ་མི་ཉན་པ།  དཀྲོག་གཏམ་མི་བཟོ་བ་བཅས་བྱས་ཏེ་ནད་ཡམས་ལས་རྣམ་པར་རྒྱལ་བའི་ཆོད་སེམས་བརྟན་དུ་གཏོང་དགོས།  སྤྱི་ཚོགས་ཀྱི་ངོས་ནས་བཤད་ན།  ཧུར་བརྩོན་བདེ་ཐང་གི་སྤྱི་ཚོགས་སེམས་ཁམས་གསོ་སྐྱོང་བྱེད་པ་དང་།  ཚན་རིག་དང་མཐུན་པ་དང་ཤེས་དཔལ་གྱི་འཚོ་བ་སྐྱེལ་སྟངས་དར་སྤེལ་བཏང་ནས་སེམས་ཤུགས་ཆེ་བ་དང་མི་སེམས་འགུལ་བ།  དམངས་སེམས་གཅིག་སྒྲིལ་བཅས་ཀྱི་སྤྱི་ཚོགས་ཁོར་ཡུག་ཆགས་པ་བྱེད་དགོས།  ནད་ཡམས་སྔོན་འགོག་ཚོད་འཛིན་ནི་ཕམ་ཐབས་མེད་པའི་འགོག་རྒོལ་དམག་འཐབ་ཅིག་རེད།  ཏང་ཀྲུང་དབྱང་གི་ཞུམ་མེད་དབུ་ཁྲིད་འོག  ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ནས།  མི་དམངས་མང་ཚོགས་ལ་དམ་པོར་བརྟེན་ཏེ་སྙིང་སྟོབས་ཆེན་པོ་སྐུལ་སློང་དང་དར་སྤེལ་བཏང་ཚེ།  ང་ཚོར་ཐེངས་འདིའི་ནད་ཡམས་སྔོན་འགོག་ཚོད་འཛིན་གྱི་འགོག་རྒོལ་ལ་རྒྱལ་ཁ་མཐའ་གཅིག་ཏུ་ལེན་ཐུབ་པའི་ཡིད་ཆེས་ཡོད་ལ་ནུས་པ་ཡང་ཡོད་ཅེས་འཁོད་ཡོད།།

  ༼  རྩོམ་སྒྲིག་ཚེ་རིང་གཡུ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]