རང་ལྗོངས་ཀྱིས་འབྲུ་རིགས་གྲབས་གསོག་ལ་གཅིག་གྱུར་འཆར་འགོད་བྱས་ནས་མང་ཚོཌ་ཀྱི་འཚོ་བའི་དགོས་མཁོ་སྐོང་ཐུབ་པ་བྱས།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2020-02-11

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

རང་ལྗོངས་ཀྱིས་ས་གནས་ཀྱི་འབྲུ་རིགས་གྲབས་གསོག་ཁེ་ལས་ལ་གཅིག་གྱུར་འཆར་འགོད་དང་བཀོད་གཏོང་བྱས་པ་དང་།  ནུས་ཤུགས་ཡོད་རྒུས་ཟོག་ཁུངས་སྒྲིག་འཛུགས་བྱས་ནས་འབྲུ་རིགས་མཁོ་འདོན་བྱེད་ཤུགས་ཆེ་རུ་བཏང་སྟེ།  ཁྲོམ་རའི་མཁོ་སྤྲོད་འདང་ངེས་ཐུབ་པ་བྱས་པ་དང་རྒྱུན་ཆད་མེད་པར་མི་རིགས་ཁག་གི་མང་ཚོགས་ཀྱི་འཚོ་བའི་དགོས་མཁོ་སྐོང་ཐུབ་པ་བྱས་ཡོད།

རིམས་ནད་ཐོན་ཚུན་རང་ལྗོངས་ཀྱི་བབ་བསྟུན་འཕྲལ་སྡོམ་འབྲུ་རིགས་གྲབས་གསོག་ཁེ་ལས་ཀྱིས་མཁོ་སྤྲོད་འདང་ངེས་འགན་སྲུང་དང་ཁྲོམ་ར་བརྟན་པོ་ཡོང་བ་བྱེད་པའི་ནུས་པ་འདོན་སྤེལ་ཧུར་ཐག་བྱས་པ་དང་།  བྱ་ཐབས་ནུས་ལྡན་བཟུང་བ་དང་གྲ་སྒྲིག་ཨང་གསར་བྱས་ནས་མཁོ་སྤྲོད་གནད་འཕིགས་ཐུབ་པ་བྱས་ཡོད།  ལྷ་སའི་བློ་བདེའི་འབྲུ་སྣུམ་དཔེ་སྟོན་ཚོང་ཁང་ཞིག་ནང་འབྲས་དང་གྲོ་ཞིབ།  བཟའ་སྣུམ་སོགས་འཚོ་བའི་མཁོ་ཆས་མང་པོ་སྒྲིག་ཡོད་པ་དང་།  འབྲུ་སྣུམ་ཚོང་ཁང་གི་འགན་འཁུར་བ་ཝུ་ཀྲེང་ཅང་ནས།  ད་བར་ཉིན་ལྟར་རྒྱུན་གཏན་ལྟར་ཚོང་གཉེར་བྱེད་ཀྱི་ཡོད་པ་དང་འབྲས་དང་གྲོ་ཞིབ།  བཟའ་སྣུམ་བཅས་མཁོ་འདོན་ཆད་པའི་གནས་ཚུལ་ཐོན་མེད་ལ་མུ་མཐུད་གྲོང་མི་ཚོའི་རྒྱུན་གཏན་གྱི་འཚོ་བའི་དགོས་མཁོ་སྐོང་ཐུབ་རྒྱུ་ཡིན་པས།  གྲོང་མི་ཚོས་རང་ཉིད་ཀྱི་དགོས་མཁོ་ལྟར་ཉོས་ན་འགྲིག་གི་རེད་ཅེས་བཤད་པ་རེད།

བོད་ལྗོངས་འབྲུ་སྣུམ་ཀུང་སི་ཞིག་གི་སྤྱི་གཉེར་བ་ལིས་ཧྲེང་ནས།  གྲབས་གསོག་འགན་ལེན་ཁེ་ལས་ཞིག་གི་ངོས་ནས་སྤྱི་ཚོགས་ཀྱི་འགན་འཁྲི་ཧུར་ཐག་འཁུར་ནས་ཁྲོམ་རའི་དགོས་མཁོ་ལྟར་ཟོག་ཁུངས་སྒྲིག་འཛུགས་བྱེད་ཤུགས་ཆེ་རུ་བཏང་སྟེ།  ཁྲོམ་རར་འདོན་རྒྱུ་ཡིན་ཞིང་ད་བར་འབྲུ་རིགས་འདང་ངེས་གྲབས་གསོག་བྱས་པ་དང་གོང་ཚད་ལ་འགྱུར་ལྡོག་མེད་པ།  སྤུས་ཀ་ལེགས་པ།  སྣེ་ཁ་འཛོམས་པ་བཅས་ཡོད་པ་མ་ཟད་ད་དུང་ནང་ས་ནས་རྒྱུན་ཆད་མེད་པར་དབོར་འདྲེན་ཡང་བྱེད་ཀྱི་ཡོད་ཅེས་བཤད་པ་རེད།

རིམས་ནད་ཐོན་ཚུན་རང་ལྗོངས་ཀྱི་འབྲུ་རིགས་གྲབས་གསོག་ཁེ་ལས་དང་ཚོང་གཉེར་ཁེ་ལས་ཀྱིས་འབྲུ་རིགས་ཡོང་ཁུངས་སྒྲིག་འཛུགས་ཧུར་ཐག་བྱས་ནས།  ཁྲོམ་རར་བཏོན་པ་མ་ཟད་དུས་ཐོག་ཏུ་ཉོ་སྒྲུབ་བྱས་ནས་འབྲུ་མཛོད་དུ་འདང་ངེས་གྲབས་གསོག་བྱས་ཡོད།  སྤྱི་ཟླ ༢ པའི་ཚེས ༨ ཉིན་བར་ལྗོངས་ཡོངས་ཀྱིས་འབྲས་ཀྲོན ༢༧༠༠༠ དང་གྲོ་ཞིབ་ཀྲོན ༡༣༠༠༠  ནས་ཀྲོན ༤༥༠༠༠  བཟའ་སྣུམ་ཀྲོན ༤༥༠༠ བཅས་གྲབས་གསོག་བྱས་ཡོད་པས་འབྲུ་སྣུམ་ཁྲོམ་རའི་འཁོར་སྐྱོད་བརྟན་པོ་ཡོད།།

  ༼  རྩོམ་སྒྲིག་གསལ་དགའ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]