རང་ལྗོངས་ཀྱིས་ཐོན་སྐྱེད་ཁེ་ལས་ཁག་ནས་བདེ་འཇགས་ངང་ལས་འགོ་བསྐྱར་འཛུགས་བྱེད་རྒྱུར་སྐུལ་འདེད་བཏང་།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2020-02-11

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ནད་ཡམས་སྔོན་འགོག་ཚོད་འཛིན་གྱི་ལས་དོན་ཡག་པོ་སྒྲུབ་པ་དང་ཆབས་ཅིག་རང་ལྗོངས་ཀྱིས་བྱ་ཐབས་སྣ་ཚོགས་བཟུང་སྟེ་རིགས་ཁག་གི་ཐོན་སྐྱེད་ཁེ་ལས་ཁག་ནས་བདེ་འཇགས་ངང་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོ་བྱེད་རྒྱུར་སྐུལ་འདེད་བཏང་བ་དང་།  ཚན་པ་ཁག་གིས་ཕྱོགས་གཅིག་ནས་ནད་ཡམས་སྔོན་འགོག་ཚོད་འཛིན་ལ་དམ་འཛིན་བྱེད་པ་དང་ཕྱོགས་གཞན་ཞིག་ནས་ཐོན་སྐྱེད་སླར་གསོར་དམ་འཛིན་བྱས་ཏེ།  རྒྱུན་གཏན་གྱི་དཔལ་འབྱོར་སྒྲིག་ལམ་ལ་སྲུང་སྐྱོང་ཧུར་ཐག་བྱས་ནས་དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་སྐྱོན་བྲལ་ངང་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་བཏང་ཡོད།

ལྷ་ས་གྲོང་ཁྱེར་སྟག་རྩེ་ཆུས་བཟོ་ལས་གླིང་གི་བོད་ལྗོངས་ཐན་ཧྲེང་དུག་སེལ་ཐོན་རྫས་ཚད་ཡོད་ཀུང་སིའི་ཐོན་སྐྱེད་འཁོར་ཁང་དུ།  ལས་དོན་པ་བཅུ་གྲངས་ཀྱིས་དུག་སེལ་སྨན་ཆུ་འགྱིག་དམ་ནང་བླུགས་བཞིན་ཡོད་པ་དང་།  ཁོ་ཚོས་ཞོགས་པའི་ཆུ་ཚོད་དགུ་པ་ནས་དགོང་མོའི་ཆུ་ཚོད་བཅུ་དང་ཕྱེད་ཀའི་བར་ལས་ཀ་བྱེད་ཀྱི་ཡོད་པ་དང་།  དཔྱིད་གསར་དུས་ཆེན་གྱི་ཚེས་བཞི་ཉིན་ཐོན་སྐྱེད་སླར་གསོ་བྱས་ཚུན།  ཉིན་རེར་ཆ་སྙོམས་དུག་སེལ་སྨན་ཆུ་འགྱིག་དམ ༢༠༠ ལྷག་ཙམ་ཐོན་སྐྱེད་བྱེད་ཀྱི་ཡོད།  ཁེ་ལས་དེ་ནི་རང་ལྗོངས་ཀྱི་དུག་སེལ་རིགས་ཀྱི་ཐོན་རྫས་ཐོན་སྐྱེད་བྱེད་མཁན་ཁེ་ལས་གཅིག་པུ་དེ་ཡིན་པ་དང་།  ཏོག་དབྱིབས་ནད་དུག་གསར་པའི་གློ་ཚད་ཀྱི་ནད་ཡམས་ཐོན་ཚུན།  ཀུང་སི་དེས་འཕྲལ་མར་ཕ་ཡུལ་དུ་ལོག་མེད་པའི་ལས་མི་དང་འབྲེལ་བ་བྱས་ཏེ་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོ་བྱས་ནས།  རང་ངོས་འགོག་སྲུང་ཡག་པོ་བྱས་པ་དང་ཆབས་ཅིག་ནུས་ཤུགས་ཡོད་རྒུས་ཐོན་སྐྱེད་བྱས་ཏེ་རང་ལྗོངས་ཀྱིས་ནད་ཡམས་སྔོན་འགོག་ཚོད་འཛིན་གྱི་འགོག་རྒོལ་ལས་དོན་ཡག་པོ་སྒྲུབ་རྒྱུར་ལེགས་སྐྱེས་ཕུལ་ཡོད།
དེང་སྐབས་བཟོ་པ་ཉུང་བའི་གནད་དོན་ལ་དམིགས་ཏེ།  སྟག་རྩེ་ཆུས་སྲིད་གཞུང་གི་ཏང་ཡོན་དང་བླངས་པས་ཁེ་ལས་ཀྱི་འཕྲལ་སྡོམ་ཐོན་སྐྱེད་ལ་རོགས་རམ་བྱེད་རྒྱུར་འབོད་སྐུལ་བྱས་པ་རེད།  ཏང་ཡོན་དང་བླངས་པ་བདེ་གཡང་ནས།  དེང་སྐབས་ལས་རིམ་ཁག་ལ་རྒྱུས་མངའ་ཅུང་ཆེན་པོ་ལོན་སོང་བས་ངས་དངོས་ཟོག་དུས་ཐོག་ཏུ་འགན་སྲུང་ཐུབ་པ་བྱེད་རྒྱུའི་ཐད་རང་ནུས་འདོན་རྒྱུ་ཡིན་ཞེས་བཤད་པ་རེད།
རིམས་འགོག་གི་དངོས་ཟོག་ཐོན་སྐྱེད་དང་བྲིན་ཚོང་བྱེད་མཁན་ཁེ་ལས་ཀྱིས་སྔ་སྣུར་དུ་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོ་བྱས་པ་ཕུད།  བཟའ་བཅའི་ཐོན་སྐྱེད་དང་མཁོ་སྤྲོད་ཁེ་ལས་ཁག་ཅིག་གིས་ཀྱང་སྔ་རྗེས་སུ་གཉེར་སྐྱོང་སླར་གསོ་བྱས་ཏེ་དངོས་ཟོག་མཁོ་སྤྲོད་འགན་སྲུང་ཧུར་ཐག་བྱེད་ཀྱི་ཡོད།
ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་རྒུ་རུམ་འབྱུང་འཕྲོད་ཐོན་ལས་སྡེ་གླིང་གི་རྒྱ་ཁྱོན་སྤྱི་ཁྲེ་ངོས་སྙོམས་གྲུ་བཞི་མ ༨༠༠ ཟིན་པའི་དྲོད་ཁང་ནང་།  པད་ཚལ་སོགས་སྔོ་ཚལ་སྐྱེ་འཚར་ཡག་པོ་ཡོད།  ངོ་སྤྲོད་བྱས་པར་གཞིགས་ན།  དྲོད་ཁང་དེས་ཉིན་རེར་ཐོན་སྐྱེད་བྱས་པའི་སྔོ་ཚལ་རྒྱ་མ ༨༠༠༠ ཡས་མས་ཟིན་པ་དང་ཉིན་དེ་རང་ལ་བཀོག་པའི་སྔོ་ཚལ་ཚང་མ་དུས་ཐོག་ཏུ་སྟོད་ལུང་གདོང་དཀར་ཞིང་ཞོར་སྡེབ་ཚོང་ཁྲོམ་རར་སྐྱེལ་གྱི་ཡོད།
ཐོན་ལས་སྡེ་གླིང་གི་འགན་འཁུར་བ་ཚེ་རྡོར་ནས།  ནད་ཡམས་ཐོན་རིང་།  ང་ཚོས་ལས་མི་ཚང་མ་སྐོང་ནས་སྔོ་ཚལ་སོས་པ་མཁོ་སྤྲོད་བྱེད་རྒྱུ་འགན་སྲུང་བྱས་པ་དང་།  དེང་སྐབས་སྡེ་གླིང་གི་དྲོད་ཁང་ཆེ་གྲས་སྟར་པ ༢༠ དང་དྲོད་ཁང་ཆུང་གྲས་སྟར་པ ༡༣༢ ཚང་མའི་ནང་སྔོ་ཚལ་སྣ་ཚོགས་བཏབས་ཡོད།  སྤྱི་ཟླ ༢ པའི་ཟླ་མཇུག་ཏུ་ས་ཆ་ཁག་གི་ཁྲོམ་རར་འདོན་ཐུབ་ཀྱི་རེད་ཅེས་བཤད་ཡོད།

ད་ལོའི་དཔྱིད་གསར་དུས་ཆེན་རིང་།  ཀྲུང་གོ་སྦྲག་ཟམ་ཚོགས་པ་ཀུང་སི་ལྷ་ས་ཡན་ལག་ཀུང་སིའི་ལས་མི་ཡོངས་ཀྱིས་སྔར་རྒྱུན་བཞིན་ལས་གནས་བརྟན་སྲུང་བྱས་པ་དང་།  དེང་སྐབས་མི་རྣམས་ཀྱི་ཐོན་སྐྱེད་དང་འཚོ་བ་རིམ་བཞིན་སླར་གསོ་ཐུབ་པ་དང་བསྟུན་ནས་ལས་སྒོ་གཉེར་ཚད་ཀྱང་མཐོ་རུ་ཕྱིན་ཡོད།  དེང་སྐབས་ནད་ཡམས་སྔོན་འགོག་ཚོད་འཛིན་གྱི་འགག་རྩའི་དུས་སྐབས་ཡིན་པས་ལས་ཀའི་བླང་བྱ་ཁག་དེ་བས་ནན་པོ་ཡོད་པ་དང་།  དུས་ཚོད་གཏན་འཁེལ་དང་ས་ཚིགས་གཏན་འཁེལ་ཐོག་སྐྱེལ་འདྲེན་འཁོར་རིགས་དང་ཐོན་སྐྱེད་བྱེད་གནས།  ལས་སྒོ་གཉེར་ས་བཅས་ཚང་མར་དུག་སེལ་བྱེད་ཀྱི་ཡོད་པ་དང་།  ལས་མི་ཡོངས་ཀྱིས་ཁ་རས་རྒྱག་པ་དང་ལག་ཤུབས་གྱོན་ནས་ནད་ཡམས་སྔོན་འགོག་བྱེད་ཀྱི་ཡོད་པ་དང་ཆབས་ཅིག  ལས་རིམ་སྔར་བས་ལེགས་སུ་བཏང་སྟེ་ཕྱིར་གཏོང་ནང་འདྲེན་གྱི་སྦྲག་བསྐུར་ཚང་མ་ཕུང་གསོག་མི་ཐེབས་པར་དུས་ཚོད་ཨང་དང་པོར་བདེ་འཇགས་ལྡན་ལ་མགྱོགས་པའི་ངང་འཛད་སྤྱོད་པའི་ལག་ཏུ་སྐྱེལ་ཐུབ་པ་བྱེད་ཀྱི་ཡོད། །

  ༼  རྩོམ་སྒྲིག་ཚེ་རིང་གཡུ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]