ནད་ཡམས་སྔོན་འགོག་ཚོད་འཛིན་ཁྲོད་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་རྒྱུན་ལྡན་སྒྲིག་ལམ་སྲུང་སྐྱོང་ཏན་ཏིག་བྱེད་དགོས།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2020-02-12

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ཉེ་དུས།  མི་དམངས་ཉིན་རེའི་ཚགས་པར་ཐོག་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་རྒྱུན་ལྡན་སྒྲིག་ལམ་སྲུང་སྐྱོང་ཏན་ཏིག་བྱེད་དགོས་ཅེས་པའི་དཔྱད་གཏམ་པའི་རྩོམ་ཡིག་ཅིག་སྤེལ་ཡོད་པ་རེད།
རྩོམ་ཡིག་ནང་ནད་ཡམས་སྔོན་འགོག་ཚོད་འཛིན་ཡག་པོ་བྱེད་རྒྱུ་དེ་དཔལ་འབྱོར་དང་སྤྱི་ཚོགས་སྤྱི་ཡོངས་བརྟན་ལྷིང་དང་ཐད་ཀར་འབྲེལ་བ་ཡོད་པས།  དཔལ་འབྱོར་དང་སྤྱི་ཚོགས་ཀྱི་རྒྱུན་ལྡན་སྒྲིག་ལམ་སྲུང་སྐྱོང་བྱེད་རྒྱུ་ནི་ནད་ཡམས་ཆེན་པོར་ཁ་གཏད་གཅོག་པའི་འགན་སྲུང་གལ་ཆེན་ཞིག་རེད།  དེང་སྐབས་ནི་ནད་ཡམས་སྔོན་འགོག་ཚོད་འཛིན་བྱེད་པའི་འགག་རྩའི་དུས་ཡིན་པས།  དཔལ་འབྱོར་དང་སྤྱི་ཚོགས་ཀྱི་རྒྱུན་ལྡན་སྒྲིག་ལམ་སྲུང་སྐྱོང་ཏན་ཏིག་བྱེད་རྒྱུ་ནི་གལ་འགངས་ཆེན་པོ་ཞིག་རེད།  སྔོ་ཚལ་དང་ཤ།  སྒོ་ང་།  འོ་མ།  འབྲུ་རིགས་སོགས་གྲོང་མིའི་འཚོ་བའི་མཁོ་ཆས་མཁོ་སྤྲོད་འགན་སྲུང་བྱེད་པ་དང་།  ཤ་ཚལ་སྒོང་གསུམ་གྱི་གྲོང་སྤྱིའི་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་བྱས་ཏེ་སྔོ་ཚལ་སོགས་ཞོར་ཟས་ཐོན་སྐྱེད་བྱེད་རྒྱུ་སྒྲིག་འཛུགས་ཧུར་ཐག་བྱེད་པ་དང་།  དངོས་ཟོག་བཀོད་གཏོང་དང་ཁྲོམ་རའི་མཁོ་སྤྲོད་ལ་ཤུགས་སྣོན་བརྒྱབ་སྟེ་འཚོ་བའི་མཁོ་ཆས་སྐྱེལ་མཁན་འཁོར་རིགས་བདེ་བླག་ངང་ཤར་གཏོང་ཐུབ་རྒྱུའི་བྱ་ཐབས་བཟུང་དགོས་པ་དང་།  རྡོ་སོལ་དང་གློག  རླངས་སྣུམ།  སོལ་རླངས་བཅས་རྒྱུན་ལྡན་ལྟར་མཁོ་སྤྲོད་ཡག་པོ་བྱས་ནས་གྲོང་མིའི་ནུས་རྒྱུ་བེད་སྤྱོད་ཀྱི་དགོས་མཁོ་སྐོང་དགོས་པ།  སྨན་བཅོས་སྐྱོབ་བཅོས་ཀྱི་སྒྲིག་ལམ་སྲུང་སྐྱོང་ཏན་ཏིག་བྱེད་པ་དང་།  དམིགས་འཛུགས་སྨན་བཅོས་ཚན་པ་དང་ལོགས་དབྱེ་བྱེད་ས་སོགས་གཙོ་གནད་ཁུལ་གྱི་བདེ་འཇགས་འགན་སྲུང་ལས་དོན་སྤེལ་ཤུགས་ཆེ་རུ་བཏང་ནས།  བདེ་འཇགས་ཀྱི་དོགས་ཟོན་བྱ་ཐབས་དོན་འཁྱོལ་བྱེད་པ་དང་།  འགོས་ནད་འགོག་བཅོས་བཅའ་ཁྲིམས་ལ་གཞིགས་ནས་རིམས་འགོག་སྒྲིག་ལམ་སྲུང་སྐྱོང་ནུས་ལྡན་བྱས་ཏེ།  སྨན་དོན་མི་སྣར་རྨས་སྐྱོན་གཏོང་བ་དང་སྨན་བཅོས་སྐྱོབ་བཅོས་སྒྲིག་ལམ་ལ་གཏོར་བཤིག་གཏོང་མཁན་ལ་ངེས་པར་དུ་འཕྲལ་ཐག་ཆོད་པོས་ཐག་གཅོད་བྱེད་དགོས་པ།  སྤྱི་ཚོགས་ཀྱི་བདེ་འཇགས་བཅོས་སྐྱོང་ལས་དོན་ཏན་ཏིག་ངང་ཡག་པོ་སྤེལ་ནས་ནད་ཡམས་ལ་ཁ་གཡར་ནས་ཟོག་གོང་སྤོར་བ་དང་ཉར་གསོག་བྱེད་པ།  འཕྲོག་བཅོམ་བྱེད་པ་སོགས་སྤྱི་ཚོགས་ཀྱི་སྒྲིག་ལམ་ཟང་ཟིང་བཟོ་བའི་ཁྲིམས་འགལ་ཉེས་གསོག་བྱ་སྤྱོད་ལ་ཁྲིམས་ལྟར་རྡུང་རྡེག་ནན་པོ་གཏོང་བ་དང་སྨན་རྫས་དང་སྨན་བཅོས་ཡོ་ཆས།  སྨན་སྤྱོད་འཕྲོད་བསྟེན་རྒྱུ་ཆ་སོགས་རྫུན་མ་དང་སྤུས་ཞན་བཟོས་ཏེ་བྲིན་ཚོང་བྱེད་པའི་ཁྲིམས་འགལ་ཉེས་གསོག་བྱ་སྤྱོད་ལ་རྡུང་རྡེག་ནན་པོ་བཏང་ནས།  རིགས་ཁག་གི་ཁྲིམས་འགལ་ཉེས་གསོག་བྱ་སྤྱོད་ལ་ཁྲིམས་ལྟར་རྡུང་རྡེག་མཐའ་གཅིག་ཏུ་གཏོང་དགོས་པ།  ནད་ཡམས་སྔོན་འགོག་ཚོད་འཛིན་ཁྲོད་ཐོན་པའི་རིགས་ཁག་གི་འགལ་ཟླ་དང་གནད་དོན་ལ་ངེས་པར་དུ་དུས་ཐོག་ཏུ་ཁ་གཏད་གཅོག་པ་དང་ཐག་གཅོད་གང་ལེགས་བྱེད་དགོས།  ལས་དོན་དེ་དག་དོན་འཁྱོལ་ཞིབ་ཕྲ་དང་ཏན་ཏིག་བྱས་ཚེ་ནད་ཡམས་སྔོན་འགོག་ཚོད་འཛིན་གྱི་འགོག་རྒོལ་ལ་རྒྱལ་ཁ་ལེན་རྒྱུར་འགན་སྲུང་ནུས་ལྡན་བྱེད་ཐུབ་ཅེས་འཁོད་ཡོད།
རྩོམ་ཡིག་ནང་ཐེངས་འདིའི་ནད་ཡམས་སྔོན་འགོག་ཚོད་འཛིན་ནི་དམག་འཐབ་ཅིག་ཡིན་པས།  ང་ཚོས་འབད་བརྩོན་ཆེན་པོས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གྱི་ད་ལོའི་ལས་འགན་ལ་ནད་ཡམས་ཀྱི་འགོག་རྐྱེན་ཆེན་པོ་མི་ཐེབས་པ་བྱེད་དགོས་པ་དང་།  ནད་ཡམས་ཚབས་ཆེའི་ཁུལ་གྱིས་སེམས་ནུས་གཅིག་སྒྲིལ་ངང་ནད་ཡམས་སྔོན་འགོག་ཚོད་འཛིན་ལ་དམ་འཛིན་ཡག་པོ་བྱེད་པ་དང་།  དེ་མིན་ས་ཁུལ་གྱིས་ནད་ཡམས་སྔོན་འགོག་ཚོད་འཛིན་ལས་དོན་ཡག་པོ་སྤེལ་བ་དང་ཆབས་ཅིག  བསྒྱུར་འཕེལ་བརྟན་གསུམ་གྱི་ལས་དོན་ཁག་ལ་གཅིག་གྱུར་འཆར་འགོད་ཐོག་དམ་འཛིན་ཡག་པོ་བྱེད་པ་དང་།  ལྷག་པར་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་གི་མཐའ་མའི་རྒྱལ་ཁ་ལེན་པ་དང་དབུལ་གྲོལ་འགག་སྒྲོལ་ལ་རྒྱལ་ཁ་ལེན་པའི་ལས་འགན་གཙོ་བོར་དམ་འཛིན་ཡག་པོ་བྱེད་དགོས་ཅེས་འཁོད་ཡོད།།

  ༼  རྩོམ་སྒྲིག་ཚེ་རིང་གཡུ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]