བོད་རང་སྐྱོང་ལྗོངས་སུ་ཏོག་གསར་གློ་ནད་ཕོག་པའི་ནད་པ་གཅིག་རང་ཐོན་ཡོད་པ་དེ་སྨན་ཁང་ནས་དོན།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2020-02-13

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

བོད་རང་སྐྱོང་ལྗོངས་སུ་ཏོག་དབྱིབས་ནད་དུག་གསར་པའི་གློ་ཚད་ཀྱི་རིམས་ནད་ཕོག་པའི་ནད་པ་གཅིག་རང་ཐོན་པ་དེ་སྨན་ཁང་དུ་སྨན་བཅོས་ཉིན ༡༨ བྱས་རྗེས་ལུས་པོའི་ཚ་བ་འཇགས་པ་དང་དབུགས་ལམ་དང་གློ་བའི་གཉན་ཁ་མངོན་གསལ་དོད་པོས་འཇགས་པ།  ཕྲ་ཕུང་ཉིང་རྡུལ་གྱི་སྐྱུར་རྫས་ཀྱི་བརྟག་དཔྱད་ཐེངས་གཉིས་བྱས་པ་གཉིས་ཀ་ཚད་གཞི་ལོན་པ་བཅས་བྱུང་བས་སྨན་ཁང་ནས་དོན་པའི་ཚད་གཞི་ལོན་ཏེ་སྤྱི་ཚེས ༡༢ ཉིན་སྨན་ཁང་ནས་དོན་པ་རེད།  ནད་པ་ཀྲང་ག་གེ་མོ།  ལོ ༣༤  ཕོ།  ཧོ་པེ་ཞིང་ཆེན་ཟུད་ཀྲའུ་གྲོང་ཁྱེར་གྱི་མི།  སྤྱི་ཟླ་དང་པོའི་ཚེས ༢༢ ནས ༢༤ ཉིན་རིང་ཝུའུ་ཁྲང་ནས་མེ་འཁོར་བསྡད་དེ་ལྷ་སར་ཡུལ་སྐོར་ལ་ཡོང་བ་དང་།  སྤྱི་ཟླ་དང་པོའི་ཚེས ༢༥ ཉིན་གྱི་དགོང་མོ།  ཁོ་བོར་གློ་རྒྱག་པ་དང་ཚ་བ་རྒྱས་རྗེས་རང་འགུལ་ངང་བོད་རང་སྐྱོང་ལྗོངས་དམིགས་བཙུགས་སྨན་ཁང་དུ་བརྟག་དཔྱད་བྱེད་པར་བསྐྱོད་པ་དང་སྦྲགས།  སྨན་ཁང་དུ་ཉར་ནས་ལོགས་དབྱེའི་སྨན་བཅོས་བྱས་ཤིང་སྤྱི་ཟླ་དང་པོའི་ཚེས ༢༩ ཉིན་ཀྲང་ག་གེ་མོར་ཏོག་དབྱིབས་ནད་དུག་གསར་པའི་གློ་ཚད་ཀྱི་རིམས་ནད་ཕོག་པ་ར་སྤྲོད་བྱུང་ནས།  བོད་རང་སྐྱོང་ལྗོངས་སུ་ཏོག་དབྱིབས་ནད་དུག་གསར་པའི་གློ་ཚད་ཀྱི་རིམས་ནད་ཕོག་པའི་ནད་པ་ཐོག་མ་དེར་གཏན་འཁེལ་བྱས་པ་རེད།

ནད་པ་ཀྲང་ག་གེ་མོ་ནི་ད་བར་ཏོག་དབྱིབས་ནད་དུག་གསར་པའི་གློ་ཚད་ཀྱི་རིམས་ནད་ཕོག་པའི་བོད་རང་སྐྱོང་ལྗོངས་སུ་ཡོད་པའི་ནད་པ་གཅིག་པུ་དེ་ཡིན་པ་དང་།  ནད་པ་དེ་སྨན་ཁང་ནས་དོན་རྗེས་བོད་རང་སྐྱོང་ལྗོངས་སུ་ཏོག་དབྱིབས་ནད་དུག་གསར་པའི་གློ་ཚད་ཀྱི་རིམས་ནད་ཕོག་པའི་ནད་པ་གཅིག་ཀྱང་མེད་ཅིང་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འགོག་རྒོལ་ལ་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད།

བོད་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་གསུམ་པའི་དབུ་འཛིན་ཕུན་ཚོགས་བཀྲ་ཤིས་ནས་ངོ་སྤྲོད་བྱས་པར་གཞིགས་ན།  སྨན་བཅོས་ཚོགས་ཆུང་གིས་སྨན་བཅོས་ཞིབ་ཚགས་བྱས་པ་བརྒྱུད་དེང་སྐབས་ནད་པ་དེའི་ཚ་བ་རྒྱུན་གཏན་ལྟར་འཇགས་ནས་ཉིན ༡༤ སོང་བ་དང་།  དབུགས་ལམ་དང་གློ་བའི་གཉན་ཁ་རྒྱས་པར་དྲག་སྐྱེད་བྱུང་བར་བརྟེན་ཏོག་དབྱིབས་ནད་དུག་གསར་པའི་གློ་ཚད་ཀྱི་རིམས་ནད་སྨན་བཅོས་བྱེད་པའི་རྒྱལ་ཁབ་ཀྱི་ཇུས་གཞི་གསར་ཤོས་ལ་གཞིགས་པ་དང་།  རིགས་གཅིག་མཁས་ཅན་ཚོགས་ཆུང་གིས་མཉམ་འབྲེལ་ནད་དཔྱད་བྱས་པ་བརྒྱུད་ནད་པ་དེ་སྨན་ཁང་ནས་དོན་པའི་ཚད་གཞི་ལོན་ཡོད།

ཤེས་རྟོག་བྱུང་བར་གཞིགས་ན།  ཏོག་དབྱིབས་ནད་དུག་གསར་པའི་གློ་ཚད་ཀྱི་རིམས་ནད་ཐོན་རྗེས།  ཏོག་དབྱིབས་ནད་དུག་གསར་པའི་གློ་ཚད་ཀྱི་རིམས་ནད་ལ་ཁ་གཏད་གཅོག་པའི་རང་སྐྱོང་ལྗོངས་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་བཀོད་སྒྲིག་ཞིབ་ཚགས་འོག  འབྲེལ་ཡོད་ཚན་པ་དང་གྲོང་ཁྱེར༼ ས་ཁུལ ༽ཁག་གིས་འབྲེལ་ཡོད་ལས་ཀའི་བྱ་ཐབས་བཟུང་ཤུགས་ཆེ་རུ་བཏང་ནས།  ཕྱི་ཕྱོགས་ནས་ཁྱབ་འགྱེད་ཡོང་རྒྱུར་སྔོན་འགོག་དང་ནང་དུ་ཁྱབ་རྒྱུར་སྔོན་འགོག་བྱེད་རྒྱུས་གཙོ་བོ་བཅས་བྱས་ཏེ།  འབྱུང་རྩར་ཚོད་འཛིན་དང་ཕྱོགས་ཡོངས་མཐིལ་རྟོགས་བྱེད་པ་དང་།  ནད་པར་སྨན་བཅོས་བྱེད་པ།  རིགས་དབྱེ་དོ་དམ་གྱིས་ནད་པ་མང་དུ་མི་འགྲོ་བ་བྱེད་པ།  འགོས་ཁུངས་ནས་སྔོན་འགོག་བཅས་བྱས་ནས།  ཁྱོན་མི་ཐེངས་ཁྲི་ཚོ ༢༣ ལ་ཞིབ་བཤེར་བྱས་ཏེ་རིམས་ནད་ཁྱབ་འགྱེད་མི་ཡོང་བ་བྱས་པས།  སྤྱི་ཟླ ༢ ཚེས ༡༡ པའི་ཉིན་གྱི་མཚན་མོའི་ཆུ་ཚོད ༡༢ པའི་བར།  རང་ལྗོངས་སུ་ཉིན ༡༣ བསྟུད་དེ་ཏོག་དབྱིབས་ནད་དུག་གསར་པའི་གློ་ཚད་ཀྱི་རིམས་ནད་ཕོག་པའི་ནད་པ་གཅིག་ཀྱང་ཐོན་མེད་པ་རེད།།

  ༼  རྩོམ་སྒྲིག་གསལ་དགའ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]