ཆུ་ཐིགས་བསགས་པའི་རྒྱ་མཚོ་བཞིན་ང་ཚོས་རྒྱལ་ཡོངས་མི་དམངས་དང་མཉམ་དུ་མདུན་སྐྱོད་བྱེད།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2020-02-14

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ཉེ་དུས།  བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན་ལས་ཁུངས་ཀྱིས་ཆུ་ཐིགས་བསགས་པའི་རྒྱ་མཚོ་བཞིན་ང་ཚོས་རྒྱལ་ཡོངས་མི་དམངས་དང་མཉམ་དུ་མདུན་སྐྱོད་བྱེད་ཅེས་པའི་དཔྱད་གཏམ་ཐུང་ངུ་ཞིག་སྤེལ་ཡོད།
དཔྱད་གཏམ་ནང་ཧུའུ་པེས་བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་ལ་ཁ་གཏད་རོགས་སྐྱོར་བྱས་ནས་ལོ ༢༦ སོང་བ་དང་།  ཝུ་ཧན་གྱིས་སྣེ་གདོང་ལ་ཁ་གཏད་རོགས་སྐྱོར་ཉིན ༩༠༠༠ ལྷག་ཙམ་བྱས་ཡོད།  ཉེ་དུས་རྒྱལ་ཡོངས་ཀྱི་ནད་ཡམས་དུས་བབ་ལེགས་པའི་ཕྱོགས་སུ་འགྱུར་བ་ཕྱིན་ཡོད་རུང་།  ཧུའུ་པེ་དང་ཝུ་ཧན་ནི་སྔར་བཞིན་དཀའ་ཚེགས་ཆེ་བའི་འགག་རྩའི་དུས་མཚམས་སུ་གནས་ཡོད།  ནད་དུག་གང་སར་མཆེད་ཡོད་པས་དེ་ནི་དུ་བ་མེད་པའི་དམག་འཐབ་ཞིག་ཡིན་ཞིང་ཧུའུ་པེ་དང་ཝུ་ཧན་ནི་ནད་ཡམས་འགོག་རྒོལ་གྱི་འགག་སྒྲོལ་དང་མཐའ་མའི་རྒྱལ་ཁ་ལེན་པའི་འཐབ་ས་གལ་ཆེན་ཞིག་རེད་ཅེས་འཁོད་ཡོད།
དཔྱད་གཏམ་ནང་ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག་ལྟར་བརྩེ།  ཧུའུ་པེ་དང་བོད་ཀྱི་མི་དམངས་གཅིག་སེམས་གཅིག་ཏུ་སྦྲེལ།  བོད་ལྗོངས་མི་དམངས་ཀྱིས་བཀའ་དྲིན་ཚོར་ཤེས་བྱས་ནས་རྒྱང་རིང་གི་སྤུན་ཟླར་བརྩེ་སེམས་འཆང་ཡོད།  ལྷོད་གཡེང་སྤུ་ཙམ་མེད་པའི་སྒོ་ནས་ནད་ཡམས་སྔོན་འགོག་ཚོད་འཛིན་གྱི་ས་མཐོའི་དྲ་བ་དམ་ཚགས་གཏོད་རྒྱུ་ནི་བོད་ཀྱི་རིམ་ཁག་ལས་བྱེད་མང་ཚོགས་ཀྱི་ཆེས་གལ་འགངས་ཆེ་བའི་ལས་འགན་རེད།  ས་མཐོའི་མི་རིགས་ཁག་གི་མི་དམངས་ཀྱིས་རྒྱལ་ཡོངས་དང་ལྷག་པར་དུ་ཧུའུ་པེ་དང་ཝུ་ཧན་ལ་གཅིག་སེམས་གཅིག་གཏད་ངང་རང་ནུས་ལྕོག་ཚོད་ཀྱི་རོགས་སྐྱོར་བྱས་དང་བྱེད་མུས་རེད།  ནད་ངན་གྱི་གནོད་འཚེ་ཕོག་ཀྱང་མི་ཡུལ་ལ་བྱམས་སྙིང་རྗེས་ཁྱབ་ཡོད།  ང་ཚོ་ཧུའུ་པེ་དང་ཝུ་ཧན་དབར་ལེ་དབར་སྟོང་གི་བར་ཐག་ཆོད་ཡོད་རུང་།  ཡང་ཞིང་རྒྱ་ཆེ་བའི་གངས་ལྗོངས་ས་མཐོར་མི་རིགས་ཁག་གི་སྤུན་ཟླ་ཚོས་གཅེས་སེམས་ནི་ཆུ་བོའི་རྒྱུན་ལྟར་ཧུའུ་པེ་དང་ཝུ་ཧན་ལ་རྒྱུན་མི་ཆད་པར་འབུལ་བཞིན་ཡོད།  སྟོབས་ཤུགས་ཕྲན་ཙམ་ལེགས་སྐྱེས་འབུལ་བ་དང་རང་ནུས་གང་ཡོད་བཏོན་ནས་ཧུའུ་པེ་ཝུ་ཧན་གྱི་སྤུན་ཟླ་ཚོར་རོགས་སྐྱོར་བྱེད་པ་ཡིན།  འཐབ་ཕྱོགས་དང་པོར་སྐྱོད་མ་ཐུབ་ན་ཡང་ནད་ཡམས་ལས་རྣམ་པར་རྒྱལ་བའི་ཆེད་དུ་བྱ་བ་ཁ་ཤས་སྒྲུབ་རྒྱུ་ཡིན།

ནད་ངན་ལ་བརྩེ་བ་མེད་ཀྱང་མི་ཡུལ་ལ་བརྩེ་བས་ཁེངས་ཡོད།  འདི་ནི་ཀྲུང་ཧྭ་མི་རིགས་ཀྱི་སྲོལ་རྒྱུན་བཟང་པོ་རེད་ཅེས་པ་སོགས་ཚིག་ཐུང་ཐུང་ཡིན་རུང་བརྩེ་སེམས་ཟབ་མོ་མཚོན་གྱི་ཡོད།  ཕྱོགས་གཅིག་ལ་དཀའ་ངལ་འཕྲད་ཚེ་ཕྱོགས་བཞི་མཚམས་བརྒྱད་ནས་རོགས་སྐྱོར་བྱེད་པ་དང་།  ཆུ་ཐིགས་བསགས་པའི་རྒྱ་མཚོ་དང་པགས་ཧྲུག་བསགས་པའི་སློག་པ་བཞིན་བྱམས་སེམས་ཆེན་པོས་དུས་ངན་མཉམ་སེལ་བྱས་ནས་བོད་ལྗོངས་མི་དམངས་ཀྱིས་ཝུ་ཧན་མི་དམངས་དང་ཧུའུ་པེ་མི་དམངས།  རྒྱལ་ཡོངས་མི་དམངས་བཅས་དང་ལག་གདང་སྦྲེལ་བ་དང་དཔུང་པ་མཉམ་གཤིབ་ངང་ནད་ཡམས་འགོག་རྒོལ་ལ་ཕྱོགས་ཡོངས་ནས་རྒྱལ་ཁ་ལེན་ཆེད་བོད་ཀྱི་ལེགས་སྐྱེས་ཧུར་ཐག་འབུལ་བཞིན་ཡོད།  ཝུ་ཧན་ཤུགས་རྒྱོབ།  ཧུའུ་པེ་ཤུགས་རྒྱོབ།  ཀྲུང་གོ་ཤུགས་རྒྱོབ་ཅེས་འཁོད་ཡོད། །

  ༼  རྩོམ་སྒྲིག་ཚེ་རིང་གཡུ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]