ནད་ཡམས་ཐོན་ཚུན་རང་ལྗོངས་ཀྱི་སྨན་བཅོས་འགན་སྲུང་ཚན་པས་སྨན་བཅོས་འགན་སྲུང་གི་ལས་དོན་ཏན་ཏིག་སྒྲུབ།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2020-02-21

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ཏོག་གསར་གློ་ཚད་ཐོན་ཚུན།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བཀའ་སློབ་གལ་ཆེན་གྱི་དགོངས་དོན་ལྟར།  རང་ལྗོངས་སྨན་བཅོས་འགན་སྲུང་ཚན་པས་བྱ་སྤྱོད་མྱུར་པོ་སྤེལ་བ་དང་།  རང་འགུལ་ངང་སྨན་བཅོས་འགན་སྲུང་གི་ལས་དོན་ཁག་ཏན་ཏིག་སྒྲུབ་བཞིན་ཡོད།
སྤྱི་ཟླ་གཉིས་པའི་ཚེས ༡༤ ཉིན།  རང་སྐྱོང་ལྗོངས་སྨན་བཅོས་འགན་སྲུང་ཚན་པའི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན།  རྒྱལ་ཁབ་སྨན་བཅོས་འགན་སྲུང་ཅུད་ཀྱི་འབྲེལ་ཡོད་སྲིད་ཇུས་བླང་བྱ་ལྟར།  རང་ལྗོངས་སྨན་བཅོས་འགན་སྲུང་ཚན་པས་དུས་ཐོག་ཏུ་ཏོག་གསར་གློ་ཚད་ཕོག་པའི་ནད་པ་དང་དོགས་ཡོད་ནད་པར་སྤྱོད་རྒྱུའི་སྨན་དང་སྨན་བཅོས་རྣམ་གྲངས་ཚང་མ་སྐབས་འཕྲལ་སྨན་བཅོས་འགན་བཅོལ་ཐེབས་རྩའི་གཏོང་སྤྲོད་ཁྱབ་ཁོངས་ནང་བཅུག་པ་མ་ཟད།  རང་སྐྱོང་ལྗོངས་སྨན་རྫས་ལྟ་སྡོམ་ཅུད་ཀྱིས་བོད་ལུགས་གསོ་རིག་སྨན་བཅོས་ཚན་པར་སྤྲད་པའི་སྐབས་འཕྲལ་ཐོ་འགོད་ཨང་རྟགས་ཡོད་པའི་བོད་སྨན་རིགས ༣༩ ཚང་མ་སྨན་བཅོས་འགན་བཅོལ་ཐེབས་རྩའི་གཏོང་སྤྲོད་ཁྱབ་ཁོངས་ནང་བཅུག་ནས་སྨན་བཅོས་འགན་སྲུང་ལམ་ལུགས་འགན་ལེན་བྱས་ཡོད།
རང་སྐྱོང་ལྗོངས་སྨན་བཅོས་འགན་སྲུང་ཚན་པའི་འབྲེལ་ཡོད་འགན་འཁུར་བས།  ནད་ཡམས་འགོག་ཟོན་གོམ་སྟབས་རྗེས་མའི་ལས་དོན་ཁྲོད་རང་སྐྱོང་ལྗོངས་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་སྨན་རྫས་ལྟ་སྡོམ་ཅུད་སོགས་ཚན་པ་དང་མཐུན་སྦྱོར་བྱེད་ཤུགས་ཆེ་རུ་བཏང་ནས།  ནད་ཡམས་འགོག་ཟོན་གྱི་དགོས་མཁོ་ལྟར་དགོས་ངེས་ཀྱི་སྨན་དང་སྨན་བཅོས་རྣམ་གྲངས་ཁག་རང་ལྗོངས་ཀྱི་སྨན་བཅོས་འགན་བཅོལ་ཐེབས་རྩའི་གཏོང་སྤྲོད་ཁྱབ་ཁོངས་ནང་སྐབས་འཕྲལ་བཅུག་སྟེ།  སྨན་བཅོས་འགན་བཅོལ་གཏོང་སྤྲོད་ལས་དོན་ཏན་ཏིག་སྒྲུབ་རྒྱུ་ཡིན་ཞེས་གསུངས།

ཤེས་རྟོགས་བྱས་པར་གཞིགས་ན།  རང་ལྗོངས་ཀྱིས་ཏོག་གསར་གློ་ཚད་སྨན་བཅོས་བྱེད་སའི་དམིགས་འཛུགས་སྨན་ཁང་སོགས་ལ་རང་སྐྱོང་ལྗོངས་དང་གྲོང་ཁྱེར༼ས་ཁུལ༽ཁག་གི་སྨན་བཅོས་འགན་སྲུང་ཚན་པས་ད་བར་སྒོར་ཁྲི་ཚོ ༨༡༠ གཏོང་སྤྲོད་བྱས་ནས།  སྨན་བཅོས་ཚན་པའི་ཁུར་པོ་ཡང་དུ་བཏང་ཐོག་སྨན་བཅོས་ལས་དོན་བདེ་བླག་ངང་སྒྲུབ་རྒྱུར་འགན་སྲུང་བྱས་ཡོད།།

  ༼  རྩོམ་སྒྲིག་ནོར་བུ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]