རང་ལྗོངས་ཀྱིས་ནད་ཡམས་འགོག་ཟོན་གྱི་དངོས་ཟོག་མཁོ་སྤྲོད་འགན་སྲུང་གང་ལེགས་བྱས།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2020-02-21

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ཏོག་གསར་གློ་ཚད་ཀྱི་ནད་ཡམས་ཐོན་ཚུན།  ཏོག་གསར་གློ་ཚད་ནད་ཡམས་ལ་ཁ་གཏད་གཅོག་པའི་རང་སྐྱོང་ལྗོངས་དངོས་ཟོག་འགན་སྲུང་ཚོགས་ཆུང་གིས་དངོས་ཟོག་ཉོ་སྒྲུབ་དང་།  ཚན་པ་དང་གྲོང་ཁྱེར༼ ས་ཁུལ ༽ཁག་ནས་ཞལ་འདེབས་ཕུལ་བའི་དངོས་ཟོག་དང་བོད་སྐྱོར་དངོས་ཟོག་སོགས་བསྡུ་རུབ་གང་ལེགས་བྱས་ཏེ།  རྒྱ་ཁྱབ་ཐོག་འཕྲལ་སྡོམ་དངོས་ཟོག་གྲབས་གསོག་ངང་ལྗོངས་ཡོངས་ཀྱི་ནད་ཡམས་འགོག་ཟོན་གྱི་དངོས་ཟོག་མཁོ་སྤྲོད་འགན་སྲུང་གང་ལེགས་བྱས་པ་མ་ཟད།  འཐབ་ས་དང་པོའི་ནད་ཡམས་འགོག་ཟོན་མི་སྣའི་བདེ་འཇགས་ཀྱང་འགན་སྲུང་བྱས་ཡོད།
སྤྱི་ཟླ་གཉིས་པའི་ཚེས ༡༦ ཉིན་བར།  དངོས་ཟོག་འགན་སྲུང་ཚོགས་ཆུང་གིས་ཐེངས་གཅིག་སྤྱོད་པའི་ཁ་རས་ཁྲི་ཚོ ༦༨ ལྷག་ཙམ་དང་ N༩༥ཁ་རས་ཁྲི ༣ ལྷག་ཙམ།  འགོག་སྲུང་གྱོན་གོས ༥༦༠༢ དང་མིག་སྲུང་མིག་ཤེལ།  ཚ་བ་འཇལ་ཆས།  ཐེངས་གཅིག་སྤྱོད་པའི་ལག་ཤུབ།  དུག་སེལ་སྨན་ཆུ་སོགས་ནད་ཡམས་འགོག་ཟོན་གྱི་དངོས་ཟོག་གྲབས་གསོག་བྱས་ཡོད།
ལྗོངས་ཡོངས་སུ་ནད་ཡམས་འགོག་ཟོན་གྱི་དངོས་ཟོག་མཁོ་སྤྲོད་འགན་ལེན་བྱ་ཆེད།  དངོས་ཟོག་འགན་སྲུང་ཚོགས་ཆུང་གིས་ཉེ་དུས་རྒྱལ་ཁབ་གོང་འཕེལ་བསྒྱུར་བཅོས་ཨུ་ལྷན་ལ་རེ་ཞུ་ཕུལ་ནས།  རང་ལྗོངས་ཀྱིས་འབྲེལ་ཡོད་ཞིང་ཆེན་ཁག་དང་མཐུན་སྦྱོར་བྱས་ཏེ་ཁ་རས་སོགས་འཕྲལ་སྡོམ་དངོས་ཟོག་ཁག་ཅིག་བོད་ལ་མངགས་ཉོ་བྱེད་རོགས་ཀྱི་རེ་ཞུ་ཕུལ་བ་རེད།  རྒྱལ་ཁབ་གོང་འཕེལ་བསྒྱུར་བཅོས་ཨུ་ལྷན་གྱིས་རང་ལྗོངས་ཀྱི་དངོས་ཟོག་མཁོ་སྤྲོད་ཀྱི་དགོས་མཁོར་གཞིགས་ཏེ་ཇི་ལིན་དང་སི་ཁྲོན།  ཀོང་ཏུང་།  ཧྲང་ཧའེ།  ཧོ་ནན།  ཧྲན་ཏུང་།  ཅང་ཤི་བཅས་ཞིང་ཆེན་དང་གྲོང་ཁྱེར་བདུན་གྱིས་རང་ལྗོངས་ལ་ཁྱོན་ཁ་རས་ཁྲི་ཚོ ༢༦.༣ མངགས་ཉོ་བྱེད་རོགས་བྱས་ཡོད།
ཤེས་རྟོགས་བྱས་པར་གཞིགས་ན།  འཐབ་ས་དང་པོའི་ནད་ཡམས་འགོག་ཟོན་མི་སྣར་ནད་ཡམས་འགོས་པའི་ཉེན་ཁ་ཆུང་དུ་ནུས་ལྡན་གཏོང་ཆེད།  དངོས་ཟོག་འགན་སྲུང་ཚོགས་ཆུང་གིས་ཞལ་འདེབས་ཕུལ་བའི་མ་དངུལ་ཁྲི་ཚོ ༨༧.༧༥༨ སྤྱད་དེ།  བོད་སྨན་རིན་ཆེན་གྲང་སྦྱོར་དང་ནག་པོ་དགུ་སྦྱོར།  ནད་འབུ་དུག་སེལ་རློན་རས་བཅས་ཉོས་ཏེ།  འགག་སྒོ་དང་སྤྱི་བདེ།  དམངས་སྤྱོད་མཁའ་འགྲུལ།  ལྕགས་ལམ།  འགྲིམ་འགྲུལ་སོགས་ནད་ཡམས་འགོག་ཟོན་གྱི་འཐབ་ས་དང་པོའི་ས་ཚིགས་ཀྱི་ལས་དོན་པར་སྤྲད་པ་རེད།།

  ༼  རྩོམ་སྒྲིག་ནོར་བུ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]