ཆབ་མདོ་གྲོང་ཁྱེར་གྱིས་བྱ་ཐབས་སྣ་ཚོགས་ཐོག་ནས་ནད་ཡམས་སྔོན་འགོག་ཚོད་འཛིན་ལས་དོན་ཏན་ཏིག་སྒྲུབ།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2020-02-22

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ཏོག་གསར་གློ་ཚད་ནད་ཡམས་སྔོན་འགོག་ཚོད་འཛིན་གྱི་ལས་དོན་སྤེལ་ཚུན།  ཆབ་མདོ་གྲོང་ཁྱེར་སྣང་ཆེན་བཞི་དང་དགའ་ཞེན་བཞིའི་མང་ཚོགས་སློབ་གསོ་ལག་ལེན་བྱེད་སྒོ་གཞུང་ལས་ཁང་གིས་གཞི་རིམ་གྱི་སྒྲོག་འགྲེལ་པ་སྐོང་འཐེན་ཧུར་ཐག་བྱས་ནས་འཕྲིན་ཕྲན་ཚོགས་པ་བཙུགས་སྟེ།  སྐད་འཕྲིན་དང་བརྙན་ལམ་ཐུང་ངུ་བརྒྱུད་ནད་ཡམས་སྔོན་འགོག་ཚོད་འཛིན་ལས་ཀར་ཤུགས་སྣོན་བརྒྱབ་པར་མོས་བསྟོད་དང་བརྒྱུད་བསྐུར་བྱེད་མཁན་མང་པོ་བྱུང་ཡོད།  གཞན་ཡང་།  ཆབ་མདོ་གྲོང་ཁྱེར་གྱིས་ད་དུང་རྒྱང་བསྒྲགས་དང་སྐོར་བསྐྱོད་དྲིལ་བསྒྲགས་རླངས་འཁོར་སོགས་བརྒྱུད་རྒྱ་ཆེའི་མང་ཚོགས་ཀྱིས་ནད་ཡམས་ལ་ཡང་དག་པའི་དཔྱོད་ཤེས་ཀྱི་ལྟ་སྟངས་འཛིན་རྒྱུ་དང་།  ཁྲིམས་བཞིན་ནད་ཡམས་སྔོན་འགོག་ཚོད་འཛིན་གྱི་ལས་ཀར་རྒྱབ་སྐྱོར་དང་གཞོགས་འདེགས་བྱས་ནས་རང་ངོས་ཀྱི་སྔོན་འགོག་དང་འགོག་སྲུང་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་རྒྱུའི་ཁྲིད་སྟོན་ཧུར་ཐག་བྱས་ཡོད།

ཤེས་རྟོགས་བྱུང་བར་གཞིགས་ན།  ད་བར་ཆབ་མདོ་གྲོང་ཁྱེར་གྱིས་ཁྱོན་སྒྲོག་འགྲེལ་ཐུང་ངུའི་ཚོགས་པ ༡༡༤༢ བཙུགས་ཏེ་སྒྲོག་འགྲེལ་ཐུང་ངུ་ཐེངས་ཁྲི ༦.༩ བྱས་པ་དེ་མི་ཐེངས་ཁྲི ༧༩ ལ་ཁྱབ་ཡོད་པ་དང་།  གྲོང་ཁྱེར་བྱེད་སྒོ་གཞུང་ལས་ཁང་ནས་ད་དུང་བོད་ཀྱི་ལོ་གསར་དང་ཟུང་འབྲེལ་བྱས་ཏེ་བོད་ཀྱི་ལོ་གསར་ཇི་ལྟར་གཏོང་དགོས་ཞེས་པ་དང་ཁྱིམ་སྡོད་ཇི་ལྟར་བྱེད་དགོས་ཞེས་པ།  ཟ་བཏུངས་ཇི་ལྟར་བྱེད་དགོས་ཞེས་པ་བཅས་བརྗོད་དོན་དུ་བྱས་པའི་དྲིལ་བསྒྲགས་ཡི་གེ་དང་རྒྱ་ཁྱབ་བརྡ་སྦྱོར་ཁྲི ༤ ལྷག་ཙམ་རྩོམ་སྒྲིག་པར་འདེབས་བྱས་ནས་རྫོང་༼ཆུས༽དང་ཤང་༼གྲོང་རྡལ༽  གྲོང་ཚོ་དང་སྡེ་ཁུལ།  དགོན་སྡེ།  ཁེ་ལས་བཅས་སུ་གཤམ་སྤྲོད་བྱས་པ་དང་གྲོང་ཁྱེར་ཤེས་དཔལ་གཞུང་ལས་ཁང་དང་མཉམ་དུ་དང་བླངས་པའི་ཞབས་ཞུ་ཐེངས ༡༤ སྒྲུབ་ཡོད།།

  ༼  རྩོམ་སྒྲིག་ངག་དབང་། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]