ལྕཌ་ར་བློ་བཟང་བསྟན་འཛིན་ནས་ལོ་གསར་གོང་གི་ཁྲོམ་རའི་མཁོ་སྤྲོད་གནས་ཚུལ་དང་ནད་ཡམས་སྔོན་འགོག་བྱེད་ཚུལ་ཐད་བརྟག་ཞིབ་གནང་།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2020-02-22

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

སྤྱི་ཟླ ༢ པའི་ཚེས ༢༠ ཉིན།  རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ། ལྗོངས་བཟའ་བཅའ་བདེ་འཇགས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ལྕགས་ར་བློ་བཟང་བསྟན་འཛིན་གྱིས་རུ་སྣེ་འཁྲིད་དེ་སྔ་རྗེས་སུ་ལྷ་ས་གྲོང་ཁྱེར་མིང་ཧྲེང་ཚལ་ཁྲོམ་དང་།  བྱང་འདབས་རྟ་རྒྱུག་ཐང་ལྗོངས་ལུས་རྩལ་ཅུས་ཁོངས་གཏོགས་ཀྱི་དམངས་ཕན་ཚལ་རིགས་ཕྱིར་འཚོང་བྱེད་གནས།  ཧྲེང་མེ་ཅཱ་སྤུས་དག་སྒོ་རྩིས་ཚོང་ཁང་།  བདུད་རྩི་བོད་སྨན་ཐད་འཚོང་ཁང་།  ཁ་ཟས་ཕྱིར་འཚོང་བྱེད་གནས་བཅས་སུ་ཕེབས་ནས་བོད་ཀྱི་ལོ་གསར་གོང་གི་ལྷ་སའི་ཁྲོམ་རའི་མཁོ་སྤྲོད་འགན་སྲུང་དང་རིན་གོང་བརྟན་པོ་ཡོད་མེད་ཐད་ཀྱི་འབྲེལ་ཡོད་གནས་ཚུལ་ལ་ས་གནས་ས་ཐོག་ཏུ་བརྟག་ཞིབ་གནང་ཡོད།

བརྟག་ཞིབ་ཚོགས་ཆུང་ནས།  རིམ་ཁག་དོ་དམ་ཚན་པས་ལྟ་སྡོམ་དང་མཁོ་སྤྲོད་འགན་སྲུང་།  ཞབས་ཞུ་བཅས་ཀྱི་ལས་དོན་སྤེལ་ཤུགས་ཆེ་རུ་བཏང་སྟེ་ཚོང་དུད་ཀྱིས་རྒྱུན་ལྡན་ངང་ཐོན་སྐྱེད་གཉེར་སྐྱོང་དང་ལས་འགོ་བསྐྱར་ཚུགས་བྱེད་རྒྱུར་འགན་སྲུང་དང་རྒྱབ་སྐྱོར་བྱས་ནས།  ཁྲོམ་རའི་མཁོ་སྤྲོད་འདེང་ངེས་དང་འཁོར་རྒྱུག་གོ་རིམ་ལྡན་པ།  ཟོག་གོང་བརྟན་པོ།  བཟའ་བཅའ་དང་སྨན་རྫས་བདེ་འཇགས་ལྟ་འདོམས་སོགས་ཀྱི་བྱ་ཐབས་དོན་འཁྱོལ་བཅས་ཡོང་བ་བྱེད་དགོས་པ་དང་།  རིགས་ཁག་གི་ཁྲོམ་ར་དང་སྒོ་རྩིས་ཚོང་ཁང་།  ཚོང་ཁང་བཅས་ཀྱིས་ནད་ཡམས་སྔོན་འགོག་ཚོད་འཛིན་གྱི་བྱ་ཐབས་དོན་འཁྱོལ་བྱས་ཏེ་ནུས་ཤུགས་ཡོད་རྒུས་ཁོར་ཡུག་འཕྲོད་བསྟེན་དང་རྒྱུན་ལྡན་གྱི་དུག་སེལ་སོགས་ཀྱི་ལས་དོན་ཡག་པོ་སྒྲུབ་དགོས་པ།  སྡེ་ཁུལ་གྱི་གྲོང་མིས་རང་འགུལ་ངང་མཉམ་འགོག་མཉམ་སྡོམ་གྱི་དོ་དམ་བླང་བྱ་ཁག་ལ་བརྩི་སྲུང་ཞུས་ཏེ།  ཐག་ཉེ་ས་དང་སྟབས་བདེ་ས་ཡང་ན་དྲ་ཐོག་ནས་ལོ་གསར་གྱི་མཁོ་ཆས་ཉོ་སྒྲུབ་བྱེད་དགོས་པ་བཅས་ཀྱི་ནན་བཤད་བྱས་ཡོད།།

  ༼  རྩོམ་སྒྲིག་ངག་དབང་། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]