འཇམ་དཔལ་གྱིས་གོང་དཀར་འབབ་ཐང་དུ་ལས་དོན་བརྟག་ཞིབ་གནང་།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2020-02-24

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ཉེ་དུས།  རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་འཇམ་དཔལ་གྱིས་བརྟག་ཞིབ་ཚོགས་ཆུང་གི་སྣེ་ཁྲིད་གནང་སྟེ།  གོང་དཀར་འབབ་ཐང་གི་རྒྱུགས་ལམ་གཉིས་པ་འཛུགས་སྐྲུན་བྱེད་ཡུལ་དང་ལྷ་སའི་ཉེ་འཁོར་གྱི་གཙོ་གནད་ནགས་བཟོ་ཁུལ།  ཆུ་ཤུར་རྫོང་དང་སྣེའུ་ཁུལ་གསར་སྡོང་ཕྲུག་འདེབས་འཛུགས་ཁུལ་བཅས་སུ་ཕེབས་ནས་ས་གནས་ས་ཐོག་ཏུ་ཞིབ་བཤེར་གནང་བ་དང་།  འབྲེལ་ཡོད་ལས་དོན་པའི་ཁྲོད་ནས་གནས་ཚུལ་ཤེས་རྟོགས་གི་རྣམ་པའི་ཐོག་ནས།  གོང་དཀར་འབབ་ཐང་གི་རྒྱུགས་ལམ་གཉིས་པ་སྐྲུན་ཁུལ་དུ་ཤིང་འཛུགས་ལས་ཀར་བརྟག་ཞིག་གནང་བ་རེད།
བརྟག་ཞིབ་ཚོགས་ཆུང་གིས་རང་འགན་གཙང་སྒྲུབ་དང་ཁྲིམས་དང་སྒྲིག་སྲོལ་ལ་གཞིགས་ཏེ།  གོང་དཀར་འབབ་ཐང་གི་རྒྱུགས་ལམ་གཉིས་པའི་འཛུགས་སྐྲུན་དང་འབྲེལ་བའི་ཤིང་འཛུགས་ལས་ཀ་དོན་འཁྱོལ་དང་དམ་འཛིན་བྱས་ཏེ།  གཙོ་གནད་རྣམ་གྲངས་ཀྱི་ལས་ཡུན་ལ་ཤུགས་རྐྱེན་མི་ཐེབས་པ་བྱེད་དགོས་པ་དང་།  རིམ་ཁག་ནགས་ལས་རྩ་ཐང་ཚན་པས་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་བཅད་འཛུགས་སྐྲུན་ལས་གཞི་ལག་བསྟར་གཏིང་ཟབ་བྱས་ཏེ།  སྔ་ཙམ་བཀོད་སྒྲིག་བྱེད་པ་དང་ཚན་རིག་དང་མཐུན་པའི་འཆར་འགོད་བཟོ་བ།  འགན་འཁྲི་ནན་དུ་གཏོང་བ་བཅས་བྱས་ནས་ལྗོངས་ཡོངས་ཀྱི་ཤིང་འཛུགས་ནགས་གསོ་དང་རྒྱལ་ཁབ་ས་ཆ་ལྗང་འགྱུར་ལས་ཀར་མུ་མཐུད་སྐུལ་འདེད་གཏོང་དགོས་པའི་བླང་བྱ་བཏོན་ཡོད་པ་རེད།།

  ༼  རྩོམ་སྒྲིག་ནོར་བུ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]