བྱམས་བརྩེ་ཅན་གྱི་སྨན་པ་ཞུང་པིན།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2020-03-16

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

རང་ལོ ༥༥ ལ་སླེབས་པའི་ཞུང་པིན་ནི་ཀོང་ཤི་ཀྲོང་རིགས་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་ཚབ་ཆེའི་གསོ་རིག་ཚན་ཁག་གི་ཀྲུའུ་རེན་ཞིག་རེད་ལ།  ཀོང་ཤི་ཀྲོང་རིགས་རང་སྐྱོང་ལྗོངས་ཀྱི་ཏོག་གསར་གློ་ཚད་ནད་ཡམས་འགོག་ཟོན་ལས་དོན་འགོ་ཁྲིད་ཚོགས་ཆུང་བཀོད་འདོམས་པུའི་རིགས་གཅིག་མཁས་ཅན་ཚོགས་ཆུང་གི་ཁོངས་མི་ཞིག་ཀྱང་རེད།  དཔྱིད་གསར་དུས་ཆེན་གྱི་གནམ་གང་ནས་བཟུང་ཁོང་གིས་སྔ་རྗེས་སུ་ཁྲེང་སྒང་དང་ལིའུ་ཀྲོའུ།  ཀུའེ་ཀང་སོགས་སུ་ཐེངས་དྲུག་བསྐྱོད་དེ་ཏོག་གསར་གློ་ཚད་ཀྱི་སྨན་བཅོས་དང་མཛུབ་ཁྲིད་བྱེད་པའི་འགན་འཁུར་ཡོད།  དམིགས་བསལ་གློ་ཚད་དང་ H༧N༩ སོགས་ནད་ཡམས་འགོག་ཟོན་ལས་དོན་ནང་ཞུགས་མྱོང་བའི་ཞུང་པིན་ལ་ནད་ཐོག་ཉམས་མྱོང་ཕུན་སུམ་ཚོགས་པོ་ཡོད་པས་ཁོང་གིས་འགག་རྩའི་དུས་སུ་གདོང་མཆོང་བྱས་ཡོད།

སྤྱི་ཟླ་གཉིས་པའི་ཚེས ༡༥ ཉིན་ཞུང་པིན་ནས་ཀོང་ཤི་ཀྲོང་རིགས་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་གི་ཉམས་མྱོང་ཕུན་སུམ་ཚོགས་པོ་ལྡན་པའི་སྨན་དོན་པ་ལས་གྲུབ་པའི་ཚབ་ཆེའི་སྨན་བཅོས་རུ་ཁག་གི་སྣེ་ཁྲིད་དེ།  ཀོང་ཤི་ཀྲོང་རིགས་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་གཡུང་ཝུའུ་སྨན་ཁང་དུ་ནད་ཡམས་འགོག་ཟོན་ནང་ཞུགས་པ་རེད།  གཡུང་ཝུའུ་སྨན་ཁང་དུ་ནད་ཡམས་འགོག་ཟོན་གྱི་ལས་དོན་སྤེལ་བའི་ཉིན་ལྔ་པའི་ཞོགས་པར་ཞུང་པིན་གྱི་པཱ་ལགས་ཚེ་ལས་འདས་པ་དང་།  ཡིན་ན་ཡང་ཏོག་གསར་གློ་ཚད་ཕོག་མཁན་ཞིག་གི་ནད་རྟགས་ལྗི་རུ་ཕྱིན་ནས་གློ་ཡུའི་ནང་སྦུ་གུ་རྒྱུ་དགོས་པའི་གནས་ཚུལ་ཞུང་པིན་གྱིས་ཤེས་འཕྲལ་ནད་ཁང་དུ་བསྐྱོད་དེ་མྱུར་སྐྱོབ་ལས་ཀར་མཛུབ་ཁྲིད་བྱེད་པར་སྐྱོད་ཡོད།  ཏོག་གསར་གློ་ཚད་ཕོག་མཁན་གྱི་གློ་ཡུར་སྦུ་གུ་རྒྱུ་སྐབས་ཉེན་ཁ་ཧ་ཅང་ཆེ་བའི་ཁར་སྨན་དོན་པར་རིམས་ནད་འགོ་སླ་པོ་ཡོད།  འོན་ཀྱང་ཞུང་པིན་ནས་ཐེ་ཚོམ་སྤུ་ཙམ་མེད་པར་མཛུབ་ཁྲིད་ལས་དོན་ནང་ཞུགས་ཡོད། 
ཞུང་པིན་དང་བཅས་པའི་སྨན་བཅོས་རུ་ཁག་དེས་ཚན་རིག་དང་མཐུན་པའི་སྨན་བཅོས་དང་ནད་སྐྱོང་ཞིབ་ཚགས་བྱས་པ་བརྒྱུད།  སྤྱི་ཟླ་གསུམ་པའི་ཚེས ༩ ཉིན་གཡུང་ཝུའུ་སྨན་ཁང་གི་ཚབ་ཆེའི་ཏོག་གསར་གློ་ཚད་ཕོག་མཁན་ཐོག་མ་དེ་དྲག་སྐྱེད་བྱུང་སྟེ་སྨན་ཁང་ནས་ཐོན་ཡོད།
ཞུང་པིན་གྱིས་ནད་བཅོས་སྲོག་སྐྱོབ་བྱེད་སྐབས་དུས་ཚོད་སྐར་ཆ་ཙམ་ཡང་འཕྲོ་བརླག་མི་འགྲོ་བ་བྱེད་རྒྱུ་ནི་སྨན་དོན་པ་ཞིག་གི་འགན་འཁྲི་དང་འོས་འགན་ཡིན།  ནད་ཡམས་འགོག་ཟོན་ལས་ཀར་རྒྱལ་ཁ་ལེན་ཐུབ་པ་བྱེད་རྒྱུ་ནི་ངའི་ཕ་འདས་པོར་མྱ་ངན་ཞུ་ལུགས་ཡག་ཤོས་དེ་རེད་ཅེས་བཤད།།

  ༼  རྩོམ་སྒྲིག་ནོར་བུ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]