རང་ལྗོངས་ཀྱི་རིམ་ཁག་ཁྲོམ་ར་ལྟ་སྡོམ་ཚན་པས་འཛད་སྤྱོད་པའི་ཁེ་དབང་སྲུང་སྐྱོང་བྱེད་ཤུགས་རྒྱུན་མཐུད་ཆེ་རུ་བཏང་།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2020-03-16

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

སྤྱི་ལོ ༢༠༡༩ ལོར།  རང་ལྗོངས་ཀྱི་རིམ་ཁག་ཁྲོམ་ར་ལྟ་སྡོམ་ཚན་པས་འཛད་སྤྱོད་པའི་ཁེ་དབང་སྲུང་སྐྱོང་བྱེད་ཤུགས་རྒྱུན་མཐུད་ཆེ་རུ་བཏང་བ་དང༌།  མང་ཚོགས་ཀྱི་ཟས་གོས་སྡོད་གསུམ་ནས་འགོ་བཙུགས་ཏེ།  མི་དམངས་མང་ཚོགས་ཀྱི་ཉིན་རེ་བཞིན་ཇེ་ཆེར་འགྲོ་བའི་འཛད་སྤྱོད་ཀྱི་དགོས་མཁོ་དང༌མཛེས་སྡུག་ལྡན་པའི་འཚོ་བར་འཆང་བའི་མི་དམངས་མང་ཚོགས་ཚོའི་རེ་བ་གང་ལེགས་སྐོང་བ་དང༌།  དཔལ་འབྱོར་གོང་འཕེལ་ཁྲོད་ཀྱི་འཛད་སྤྱོད་ཀྱི་རྨང་གཞིའི་རང་བཞིན་གྱི་ནུས་པ་ཆེ་རུ་བཏང་སྟེ།  མི་དམངས་མང་ཚོགས་ཀྱི་ཐོབ་སྣང་ཆེ་རུ་གཏོང་རྒྱུའི་ཐད་ལེགས་སྐྱེས་ཧུར་ཐག་ཕུལ་ཡོད།
ངོ་སྤྲོད་བྱས་པར་གཞིགས་ན།  རང་སྐྱོང་ལྗོངས་ཁྲོམ་ར་ལྟ་སྡོམ་ཅུད་ཀྱིས ༡༢༣༡༥ ཡི་
སྟེགས་བུ་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་རྒྱུ་དེ་ཁེ་དབང་སྲུང་སྐྱོང་གི་སྒྲིག་གཞི་ལམ་སྲོལ་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བའི་གཙོ་གནད་ལས་དོན་ལ་བརྩིས་ནས།  སྤྱི་ལོ ༢༠༡༩ ལོའི་ཟླ་བཞི་པའི་ཟླ་མཇུག་ཏུ ༡༢༣༡༥ ཡི་གཅིག་གྱུར་འཛད་སྤྱོད་ཁེ་དབང་སྲུང་སྐྱོང་གི་ཐད་སྦྲེལ་ཁ་པར་ཤར་གཏོང་བྱས་ཏེ།  འཛད་སྤྱོད་པར་དེ་བས་སྟབས་བདེ་དང་ཞུ་གཏུག་ཐེར་འདོན་གྱི་ཐབས་ལམ་བཤངས་ཡོད།  ན་ནིང༌རང་སྐྱོང་ལྗོངས་ཀྱི ༡༢༣༡༥ ཡི་ཞུ་གཏུག་ཐེར་འདོན་བཀོད་འདོམས་ལྟེ་གནས་ཀྱིས་འཛད་སྤྱོད་པའི་ཞུ་གཏུག་གནད་དོན་ཁྲི ༡.༤༤༧༥ བདག་སྤྲོད་བྱས་པའི་ཁྲོད་གནད་དོན་ཁྲི ༡.༤༡༥༧ ཐག་གཅོད་བྱས་པས།  འཛད་སྤྱོད་པར་དཔལ་འབྱོར་གྱོང་གུན་སྒོར་ཁྲི་ཚོ ༦༨༤ ཙམ་གསབ་ཐུབ་པ་བྱུང་ཡོད།
ལྗོངས་ཡོངས་ཀྱི་རིམ་ཁག་ཁྲོམ་ར་ལྟ་སྡོམ་ཚན་པས་ཞིང་ཞོར་ཁྲོམ་ར་དང་སྒོ་རྩིས་ཚོང་ཁང༌།  དྲ་ཐོག་ཚོང་ཁང་གི་བཟའ་བཅའ་དང་འཐུང་བྱ།  ཞིང་སྤྱོད་དངོས་ཟོག  གྱོན་གོས།  ཁྱིམ་སྤྱོད་གློག་ཆས།  རླངས་འཁོར་སོགས་གཙོ་གནད་ཐོན་རྫས་ལ་ལྟ་སྡོམ་ནན་པོ་བྱས་པ་དང༌།  ཐོན་རྫས་ཀྱི་སྤུས་ཚད་འཛིན་ཡིག  ཚོང་ཟོག་ནང་འདྲེན་གྱི་རྩིས་ཐོ་བཅས་ལ་ཟུར་བཤེར་བྱས་པ་དང་།  དྲ་ཐོག་ནས་ཅ་དངོས་ཉོ་སྒྲུབ་བྱས་རྗེས་ཀྱི་ཉིན་བདུན་ནང་ཚུན་དུ་ཕྱིར་སློག་ཆོག་པ་སོགས་ཀྱི་ལམ་ལུགས་དང་གཏན་འབེབས་དོན་འཁྱོལ་བྱས་ཐོག  འཛད་སྤྱོད་ཀྱི་ཁེ་དབང་ལ་གནོད་འཚེ་གཏོང་བའི་གྱོད་གཞི་ཞིབ་བཤེར་ཐག་གཅོད་བྱེད་ཤུགས་ཆེ་རུ་བཏང་སྟེ།  ལོ་འཁོར་མོར་འཛད་སྤྱོད་པའི་ཁེ་དབང་ལ་གནོད་འཚེ་གཏོང་བའི་གནད་དོན ༣༨ ཞིབ་བཤེར་ཐག་གཅོད་བྱས་ནས་འཛད་སྤྱོད་པའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་ནུས་ལྡན་བྱས་ཡོད།
གཞན་ཡང༌།  རང་སྐྱོང་ལྗོངས ༡༢༣༡༥ ཡི་ཞུ་གཏུག་ཐེར་འདོན་བཀོད་འདོམས་ལྟེ་གནས་ཀྱིས་ཏོག་གསར་གློ་ཚད་ཀྱི་ནད་ཡམས་འགོག་ཟོན་ལས་ཀ་སྤེལ་ཚུན།  ཁ་རས་དང་དུག་སེལ་ཐོན་རྫས།  འབྲས།  སྔོ་ཚལ་སོགས་ཀྱི་ཟོག་གོང་ཧམ་སྤར་དང་ཐོན་རྫས་རྫུན་མ་ཚོང་བ་སོགས་བློ་འདྲིའི་ཞུ་གཏུག་ཐེར་འདོན་གནད་དོན ༣༥༤ བདག་སྤྲོད་བྱས་པའི་ཁྲོད་གནད་དོན ༣༢༣ ཐག་གཅོད་བྱས་ཏེ།  ནད་ཡམས་འགོག་ཟོན་ནུས་ལྡན་དང་ཁྲོམ་ར་ཞི་མཐུན་བརྟན་ལྷིང་ཡོང་ཆེད་ནུས་པ་གལ་ཆེན་བཏོན་ཡོད།
ད་ལོའི་ཚུན་དུ།  རང་ལྗོངས་ཀྱི་རིམ་ཁག་ཁྲོམ་ར་ལྟ་སྡོམ་ཚན་པ་དང་འཛད་སྤྱོད་པའི་མཐུན་ཚོགས་ཀྱིས ༡༢༣༡༥ ཡི་ཁྲིམས་འཛིན་མ་ལག་ལེགས་སྒྲིག་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་དང་དམ་པོར་བསྟུན་ནས།  གཙོ་གནད་ཁྱབ་ཁོངས་ཀྱི་འཛད་སྤྱོད་ཁྲོམ་རའི་ལྟ་སྡོམ་དང༌ཞུ་གཏུག་ཐེར་འདོན།  ཁེ་དབང་ལ་གནོད་འཚེ་གཏོང་བའི་གྱོད་གཞི་ཞིབ་བཤེར་ཐག་གཅོད་བྱེད་པ།  འཛད་སྤྱོད་པར་ཉེན་བརྡ་གཏོང་བ་དང་དྲན་སྐུལ་བྱེད་པ།  འཛད་སྤྱོད་ཐེར་འདོན་ཡོངས་བསྒྲགས་བྱེད་པ།  བློ་བདེའི་འཛད་སྤྱོད་ཁོར་ཡུག་སྐྲུན་པ་སོགས་ཀྱི་གཙོ་གནད་ལས་ཀར་ཤུགས་སྣོན་རྒྱག་རྒྱུ་མངོན་ཆེར་འཛིན་ཏེ།  སྒྲིག་གཞི་དང་ལམ་སྲོལ་འཐུས་ཚང་བཟོས་ནས་འཛད་སྤྱོད་ཁེ་དབང་སྲུང་སྐྱོང་གི་བཅོས་སྐྱོང་ནུས་པ་ཆེ་རུ་བཏང་ཡོད།།

  ༼  རྩོམ་སྒྲིག་ནོར་བུ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]