སྤེན་པ་བཀྲ་ཤིས་ཀྱིས་དབུལ་གྲོལ་འགག་སྒྲོལ་གྱི་ལས་དོན་སྤེལ་ཕྱོགས་བཀོད་སྒྲིག་གནང་།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2020-03-17

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

སྤྱི་ཟླ ༣ པའི་ཚེས ༡༦ ཉིན་གྱི་སྔ་དྲོ།  ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཨུ་ཡོན། དྲིལ་བསྒྲགས་པུའི་པུའུ་ཀྲང་སྤེན་པ་བཀྲ་ཤིས་ཀྱིས་དབུལ་གྲོལ་འགག་སྒྲོལ་དྲིལ་བསྒྲགས་ལས་ཀའི་ཆེད་དོན་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།

ཚོགས་འདུའི་ཐོག་སྤེན་པ་བཀྲ་ཤིས་ནས་ལྗོངས་ཡོངས་ཀྱི་དྲིལ་བསྒྲགས་བསམ་བློ་རིག་གནས་འཐབ་ཕྱོགས་ཀྱིས།  དབུལ་གྲོལ་འགག་སྒྲོལ་ཐད་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དྲིལ་བསྒྲགས་ཤུགས་ཆེ་བྱེད་པ་དང་།  དབུལ་གྲོལ་འགག་སྒྲོལ་གྱི་རླབས་ཆེའི་ལོ་རྒྱུས་ཀྱི་དོན་སྙིང་དྲིལ་བསྒྲགས་ཤུགས་ཆེ་བྱེད་པ།  རང་ལྗོངས་ཀྱི་དབུལ་གྲོལ་འགག་སྒྲོལ་གྱི་གལ་ཆེའི་བྱ་ཐབས་དང་རྩ་ཆེའི་ཉམས་མྱོང་།  རླབས་ཆེའི་གྲུབ་འབྲས་བཅས་དྲིལ་བསྒྲགས་ཤུགས་ཆེ་བྱེད་པ།  དབུལ་གྲོལ་འགག་སྒྲོལ་གྱི་བརྒྱུད་རིམ་ཁྲོད་ཐོན་པའི་མི་སེམས་འགུལ་བའི་བྱས་རྗེས་དང་སྔོན་ཐོན་དཔེ་མཚོན་དྲིལ་བསྒྲགས་ཤུགས་ཆེ་བཅས་བྱེད་དགོས་པ་དང་།  བློ་སྐྱོར་རིག་སྐྱོར་གྱི་དྲིལ་བསྒྲགས་ཁྲིད་སྟོན་ལ་ཤུགས་སྣོན་བརྒྱབ་སྟེ།  ཚད་གཞི་མཐོ་ཤོས་ཀྱི་སྒོ་ནས་མང་ཚོགས་ཀྱི་ནང་སྐྱེས་སྒུལ་ཤུགས་འཕེལ་བ་བྱས་ཏེ།  མི་རིགས་ཁག་གི་མང་ཚོགས་ཀྱི་རང་འགུལ་དབུལ་གྲོལ་གྱི་བསམ་བློའི་རྨང་གཞི་དང་མང་ཚོགས་ཀྱི་རྨང་གཞི།  སྤྱི་ཚོགས་ཀྱི་རྨང་གཞི་བཅས་བརྟན་པོ་འདིང་དགོས་པའི་ནན་གསུངས་གནང་ཡོད།།

  ༼  རྩོམ་སྒྲིག་ངག་དབང་། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]