རང་ལྗོངས་ཀྱིས་གཙོ་གནད་ལས་གཞི་དང་རྣམ་གྲངས་ཀྱི་ལས་འགོ་འཛུགས་པའི་སྒུལ་ནུས་ཆེ་རུ་བཏང་།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2020-03-17

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

རྒྱལ་ཡོངས་གོང་འོག་ཚང་མས་གཅིག་གྱུར་འཆར་འགོད་ཐོག་ཏོག་གསར་གློ་ཚད་ཀྱི་རིམས་ནད་འགོག་ཟོན་བྱེད་པ་དང་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གྱི་ལས་ཀར་སྐུལ་སྤེལ་གཏོང་བའི་འགག་རྩའི་དུས་སྐབས་སུ།  རང་ལྗོངས་ཀྱིས་ཕྱོགས་གཅིག་ནས་རིམས་ནད་འགོག་ཟོན་དང་ཕྱོགས་གཞན་ཞིག་ནས་ལས་ཀ་བསྐྱར་ཚུགས་དང་ཐོན་སྐྱེད་སླར་གསོར་དམ་འཛིན་བྱས་ཏེ།  ཁུལ་དང་རིམ་པ་དབྱེ་བ་དང་རིགས་དང་དུས་ཚོད་དབྱེ་ནས་ཐབས་ཇུས་ལག་བསྟར་གནད་འཕིགས་བྱས་པ་དང་།  རོགས་སྐྱོར་སྲིད་ཇུས་བཏོན་ནས་གཙོ་གནད་ལས་གཞི་རྣམ་གྲངས་ཀྱི་ལས་འགོ་འཛུགས་པའི་འགུལ་ནུས་ཆེ་རུ་བཏང་ཡོད།

ཉིན་ཤས་བསྟུད་མར།  རང་ལྗོངས་ཀྱི་གྲོང་ཁྱེར༼ས་ཁུལ༽ཁག་ཅིག་གིས་གཙོ་གནད་ལས་གཞིའི་རྣམ་གྲངས་གཅིག་བསྡུས་ཐོག་ལས་ཀ་བསྐྱར་ཚུགས་བྱེད་པའི་མཛད་སྒོ་འཚོགས་ཡོད།
སྤྱི་ཚེས ༡༥ ཉིན།  ལྷ་ས་གྲོང་ཁྱེར་གྱིས་སྤྱི་ལོ ༢༠༢༠ ལོའི་གྲོང་ཁྱེར་དེ་ཡོངས་ཀྱི་གཙོ་གནད་རྣམ་གྲངས་གཅིག་བསྡུས་ཐོག་ལས་ཀ་བསྐྱར་ཚུགས་ཀྱི་མཛད་སྒོ་འཚོགས་ནས།  གྲོང་ཁྱེར་དེ་ཡོངས་ཀྱི་གཙོ་གནད་རྣམ་གྲངས་འཛུགས་སྐྲུན་དང་མ་འཇོག་བརྟན་པོའི་ལས་དོན་ཕྱོགས་ཡོངས་ནས་སྤེལ་འགོ་བཙུགས་ཡོད།  ཤེས་རྟོགས་བྱུང་བར་གཞིགས་ན།  ད་རེས་གཅིག་བསྡུས་ཐོག་ལས་ཀ་བསྐྱར་ཚུགས་བྱས་པའི་གཙོ་གནད་རྣམ་གྲངས ༣༢ ཡོད་པར་སྤྱིའི་མ་འཇོག་བྱེད་ཚད་སྒོར་དུང་ཕྱུར ༣༤༧.༣ ཟིན་ནས་ལོ་འཁོར་མོའི་འཆར་གཞིའི་མ་འཇོག་ལེགས་སྒྲུབ་ཐུབ་ཚད་སྒོར་དུང་ཕྱུར ༡༢༦.༩ ཟིན་པ་བྱེད་རྒྱུ་དེ་དག་རྨང་གཞིའི་སྒྲིག་བཀོད་དང་དམངས་འཚོ་ལེགས་བཅོས།  ཐོན་ལས་གོང་འཕེལ་སོགས་ཁྱབ་ཁོངས་ཁག་དང་འབྲེལ་བ་ཡོད།
སྤྱི་ཚེས ༡༥ ཉིན།  ལྷ་གཞིས་རིམ་མཐོའི་གཞུང་ལམ་གྱི་ཚོད་འཛིན་རང་བཞིན་གྱི་ལས་གཞི་སྟེ་གཞིས་རྩེ་དུམ་བུའི་རྣམ་གྲངས་དང་གཞིས་རྩེའི་དཔལ་འབྱོར་གསར་སྤེལ་ཁུལ་གྱི་སྤྱི་ལོ ༢༠༢༠ ལོའི་གཙོ་གནད་རྣམ་གྲངས།  གཞིས་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས་ཀྱི་སྡོད་ཁང་སྐྱོ་ཁུལ་སྒྱུར་བཟོའི་རྣམ་གྲངས།  ཇོ་མོ་གླང་མའི་རིག་གནས་བློ་གསར་ཐོན་ལས་སྡེ་གླིང་གི་རྣམ་གྲངས་བཅས་ལས་ཀ་བསྐྱར་ཚུགས་ཀྱི་མཛད་སྒོ་འཚོགས་ཏེ་གཞིས་རྩེ་གྲོང་ཁྱེར་གྱི་གཙོ་གནད་ལས་གཞིའི་རྣམ་གྲངས་ཁྱོན་ཡོངས་ནས་ལས་ཀ་བསྐྱར་ཚུགས་བྱེད་འགོ་བཙུགས་ཡོད།
གཞིས་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས་ཀྱི་སྡོད་ཁང་སྐྱོ་ཁུལ་སྒྱུར་བཟོའི་རྣམ་གྲངས་དེར་བསམ་གྲུབ་རྩེ་ཆུས་གྲོང་ལྷོ་ཁྲོམ་གཞུང་དོན་གཅོད་ཁྲུའུ་མཁར་རག་སྡེ་ཁུལ་དང་པང་གཅལ་གོང་སྡེ་ཁུལ་སོགས་སྡེ་ཁུལ ༦ དང་འབྲེལ་བ་ཡོད་པ་དང་།  རྣམ་གྲངས་ཀྱི་སྤྱིའི་མ་འཇོག་སྒོར་དུང་ཕྱུར ༣༥ ཡས་མས་ཟིན་གྱི་ཡོད།  སྡོད་ཁང་སྐྱོ་ཁུལ་སྒྱུར་བཟོའི་ལས་གཞི་ལག་བསྟར་བྱས་པ་དེས་མང་ཚོགས་ཀྱི་འཚོ་སྡོད་ཁོར་ཡུག་དང་སྤུས་ཚད་ལེགས་སུ་འགྲོ་རྒྱུ་མ་ཟད།  གྲོང་ཁྱེར་གྱི་བྱེད་ནུས་འཐུས་སྒོ་ཚང་དུ་ཕྱིན་ནས་གྲོང་ཁུལ་རྙིང་པའི་རྣམ་པ་གསར་པ་ཆགས་རྒྱུར་ཕན་ནུས་ཐོན་རྒྱུ་རེད།
སྤྱི་ལོ ༢༠༢༠ ལོའི་ཇོ་རིའི་རིག་གནས་བློ་གསར་སྡེ་གླིང་གི་ལས་ཀ་བསྐྱར་ཚུགས་བྱེད་རྒྱུའི་རྣམ་གྲངས ༡༨ ཡོད་པ་དེ་དག་ཁག་སོ་སོར་སྤྱི་པའི་རྨང་གཞིའི་སྒྲིག་བཀོད་དང་ཞིང་ལས་དང་ནགས་ལས།  ཆུ་བེད།  སྐྱེ་ཁམས་སོགས་ཁྱབ་ཁོངས ༦ དང་འབྲེལ་བ་ཡོད་པ་དང་སྤྱིའི་མ་འཇོག་བྱེད་ཚད་སྒོར་དུང་ཕྱུར ༡༦.༥ ཙམ་ཟིན་པའི་ནང་སྒོར་དུང་ཕྱུར ༩.༨ ལེགས་སྒྲུབ་ཐུབ་པ་བྱེད་རྩིས་ཡོད།

སྤྱི་ཚེས ༡༥ ཉིན་ལས་ཀ་བསྐྱར་ཚུགས་ཀྱི་མཛད་སྒོར་ཞུགས་པའི་རྣམ་གྲངས་བཅུའི་ནང་རྒྱལ་སྤྱིའི་རི་འཛེགས་གཉེར་སྐྱོར་ཞབས་ཞུ་ལྟེ་གནས་སོགས་གསར་སྐྲུན་རྣམ་གྲངས་དང་བོད་ལུགས་གསོ་རིག་གི་ལུས་གསོའི་གཙོ་དོན་གསོལ་མགྲོན་ཁང་།  ཡུལ་སྐོར་བའི་ཞབས་ཞུ་ལྟེ་གནས་སོགས་འཕྲོ་སྐྱོང་རྣམ་གྲངས་ཚུད་ཡོད་པ་དང་སྤྱིའི་མ་འཇོག་བྱེད་ཚད་སྒོར་དུང་ཕྱུར ༧.༦ ཟིན་གྱི་ཡོད། །

  ༼  རྩོམ་སྒྲིག་ཚེ་རིང་གཡུ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]