ལྗོངས་དཔེ་རྙིང་སྲུང་སྐྱོབ་ལྟེ་གནས་ཀྱིས་རྩ་ཆེའི་དཔེ་རྙིང་ལ་གྲངས་འཛིན་ཅན་གྱི་མཛོད་སྐྲུན།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2020-03-18

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

གསར་འགོད་པས་བོད་རང་སྐྱོང་ལྗོངས་དཔེ་རྙིང་སྲུང་སྐྱོབ་ལྟེ་གནས་ནས་ཤེས་རྟོགས་བྱས་པར་གཞིགས་ན།  སྤྱི་ལོ ༢༠༡༩ ལོར་བོད་ལྗོངས་ཀྱིས་ཡོངས་ཁྱབ་ཞིབ་བཤེར་དང་ཐོ་འགོད།  གྲངས་གཞི་ལེགས་སྒྲིག  ཡིག་ཚགས་བཟོ་བ་བཅས་བྱས་པའི་དཔེ་རྙིང་དང་ཚད་ལྡན་ཡིག་ཆ ༥༨༨༩ ཡོད་པའི་ནང་ཤོག་ལྷེ་ཁྲི ༢.༤༡༢༦ ཟིན་པའི་དཔེ་རྙིང་པོད ༡༦༧ གློག་ཀླད་ནང་འཕབ་འཇུག་ཟིན་ནས་རྩ་ཆེའི་དཔེ་རྙིང་ལ་གྲངས་འཛིན་ཅན་གྱི་མཛོད་སྐྲུན་ཡོད།

འདས་ཟིན་པའི་ལོ་གཅིག་ནང་།  བོད་རང་སྐྱོང་ལྗོངས་དཔེ་རྙིང་སྲུང་སྐྱོབ་ལྟེ་གནས་ཀྱིས་ཕོ་བྲང་པོ་ཏ་ལའི་དཔེ་རྙིང་པོད ༡༢༥༦ དང་ནོར་བུ་གླིང་ཁའི་དཔེ་རྙིང་པོད ༨༨༤  གཞིས་རྩེ་བཀྲས་ལྷུན་དགོན་གྱི་དཔེ་རྙིང་པོད ༡༡༨༨ བཅས་ལ་ཞིབ་བཤེར་ཐོ་འགོད་བྱས་པ་མ་ཟད།  ལྷ་ས་དང་ལྷོ་ཁ།  ཆབ་མདོ་སོགས་གྲོང་ཁྱེར་དང་དེ་མིན་ཁུལ་ཁོངས་ཀྱི་དཔེ་རྙིང་ལ་ཡོངས་ཁྱབ་ཞིབ་བཤེར་བྱས་པའི་གྲངས་གཞིར་ཕྱོགས་བསྡོམས་དང་ལེགས་སྒྲིག  འཕབ་འཇུག་བཅས་ཀྱང་བྱས་ཡོད།  གཞན་ཡང་།  དཔེ་རྙིང་སྲུང་སྐྱོབ་ལྟེ་གནས་ཀྱིས་ད་དུང་རལ་ཧྲུལ་དུ་གྱུར་བའི་དཔེ་རྙིང་ཤོག་ལྷེ ༥༣༢ སླར་གསོ་བྱས་ཡོད།

ད་བར།  བོད་ལྗོངས་ཀྱིས་ཞིབ་བཤེར་ཐོ་འགོད་བྱས་པའི་དཔེ་རྙིང་པོད་ཁྲི ༡.༨ ཟིན་པ་དང་།  དཔེ་རྙིང་པོད ༢༩༡ རྒྱལ་ཁབ་ཀྱི་རྩ་ཆེའི་དཔེ་རྙིང་མིང་གཞུང་ནང་བཅུག་པ་དང་།  གངས་ལྗོངས་གནའ་དཔེའི་གཏེར་མཛོད་སོགས་བོད་ཡིག་དཔེ་རྙིང་ཞིབ་བཤེར་སྲུང་སྐྱོབ་བྱས་འབྲས་ཀྱི་དཔེ་ཚོགས་རྩོམ་སྒྲིག་དཔེ་སྐྲུན་བྱས་པ།  རྩ་བ་སྟོང་ཉེན་ཡོད་པའི་དཔེ་རྙིང་ཤོག་ལྷེ ༣༠༠༠ སླར་གསོ་བྱས་པ།  གཞི་རིམ་དཔེ་རྙིང་ཉར་ཚགས་ཚན་པ ༡༤ ཡི་ཆ་རྐྱེན་ལེགས་བཅོས་ཀྱི་རྣམ་གྲངས་ལེགས་གྲུབ་བྱུང་བ་བཅས་ཡིན།།

  ༼  རྩོམ་སྒྲིག་ངག་དབང་། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]