རང་ལྗོངས་ཀྱིས་སྐྱེ་ཁམས་སྲུང་སྐྱོབ་དང་དམངས་ཕྱུག་དམངས་ཕན་དབར་གྱི་འབྲེལ་བ་ཐག་གཅོད་ཡང་དག་བྱས།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2020-03-23

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

སྤྱི་ལོ ༢༠༡༩ ལོར།  རང་ལྗོངས་ཀྱིས་སྐྱེ་ཁམས་སྲུང་སྐྱོབ་དང་དམངས་ཕྱུག་དམངས་ཕན་དབར་གྱི་འབྲེལ་བ་ཐག་གཅོད་ཡང་དག་བྱས་ཏེ།  གཙོ་གནད་སྐྱེ་ཁམས་བྱེད་ནུས་ཁུལ་གྱི་སྤོ་བསྒྱུར་གཏོང་སྤྲོད་དང་རིགས་ཁག་གི་སྐྱེ་ཁམས་ཁ་གསབ་ལམ་སྲོལ་རྒྱུན་མཐུད་འཐུས་སྒོ་ཚང་དུ་བཏང་བ་དང་།  སྐྱེ་ཁམས་ཀྱི་ཕྱོགས་བསྡུས་ཁ་གསབ་ལམ་སྲོལ་འཚོལ་ཞིབ་ཧུར་ཐག་བྱས་ཏེ་གཙོ་གནད་སྐྱེ་ཁམས་བྱེད་ནུས་ཁུལ་གྱི་ཀྲུང་དབྱང་གི་སྤོ་བསྒྱུར་གཏོང་སྤྲོད་མ་དངུལ་སྒོར་དུང་ཕྱུར ༡༨ ལྷག་ཙམ་དོན་འཁྱོལ་བྱས་པས།  མང་ཚོགས་ལ་དེ་བས་མང་བའི་འབྱུང་འཕྲོད་ཁྲོད་ཀྱི་ཁེ་སྤོགས་ལོངས་སྤྱོད་བྱེད་རྒྱུ་བྱུང་ཡོད།

ཤེས་རྟོགས་བྱས་པར་གཞིགས་ན།  ན་ནིང་།  རང་ལྗོངས་ཀྱི་གྲོང་ཁྱེར༼ས་ཁུལ༽བདུན་དུ་ཆ་སྙོམས་བྱས་ན་མཁའ་རླུང་སྤུས་ཚད་ལེགས་པའི་ཉིན་གྲངས་བརྒྱ་ཆ ༩༩.༦ ཟིན་པ་དང་།  ལྷ་ས་གྲོང་ཁྱེར་ནི་རྒྱལ་ཡོངས་ཀྱི་གཙོ་གནད་གྲོང་ཁྱེར ༡༦༨ ནང་ནས་མཁའ་རླུང་གི་སྤུས་ཚད་ལེགས་ཤོས་སུ་གྱུར་ཡོད།།

  ༼  རྩོམ་སྒྲིག་ངག་དབང་། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]