ལས་སླ་པོར་བྱུང་བ་མིན་པའི་དུས་བབ་བཟང་པོ་རྒྱུན་མཐུད་ལེཌ་སུ་གཏོང་དགོས།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2020-03-23

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

མི་དམངས་ཉིན་རེའི་ཚགས་པར་ཐོག  ལས་སླ་པོར་བྱུང་བ་མིན་པའི་དུས་བབ་བཟང་པོ་རྒྱུན་མཐུད་ངང་ལེགས་སུ་གཏོང་དགོས་ཅེས་པའི་དཔྱད་གཏམ་པའི་རྩོམ་ཡིག་ཞིག་སྤེལ་བ་རེད།

རྩོམ་ཡིག་ནང་།  ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཉེ་དུས་ཚོགས་འདུ་འཚོགས་ཏེ།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རང་རྒྱལ་གྱི་ནད་ཡམས་སྔོན་འགོག་ཚོད་འཛིན་ལ་ཐོབ་པའི་གྲུབ་འབྲས་ཐད་གསུང་བཤད་གལ་ཆེན་དང་ཁས་ལེན་གང་ལེགས་གནང་བ་དང་།  རྒྱལ་ཁབ་ཕྱི་ནང་གི་ནད་ཡམས་དུས་བབ་ཀྱི་རྙོག་འཛིང་རང་བཞིན་དང་ཛ་དྲག་རང་བཞིན་ལ་ངོས་འཛིན་གསལ་པོ་ཐུབ་པ་བྱས་ཏེ།  ལྷོད་གཡེང་སྤུ་ཙམ་ཡང་མེད་པའི་སྒོ་ནས་འགོག་སྲུང་ལས་དོན་དམ་འཛིན་ནན་པོ་དང་དམ་འཛིན་ཞིབ་ཚགས་བྱས་ནས།  ལས་སླ་པོར་བྱུང་བ་མ་ཡིན་པའི་ནད་ཡམས་སྔོན་འགོག་ཚོད་འཛིན་གྱི་དུས་བབ་བཟང་པོ་ཞན་དུ་གཏན་ནས་མི་འགྲོ་བ་བྱེད་དགོས་པའི་ནན་བཤད་གནང་ཡོད་ཅེས་འཁོད་ཡོད།

རྩོམ་ཡིག་ནང་།  ནད་ཡམས་སྔོན་འགོག་ཚོད་འཛིན་བྱེད་རྒྱུ་དེ་འགག་རྩའི་དུས་མཚམས་སུ་སླེབས་ཡོད་པས།  ངེས་པར་དུ་ངར་ཤུགས་སྒྲིམ་ནས་གཙོ་གནད་ས་གནས་སུ་ནད་ཡམས་སྔོན་འགོག་ཚོད་འཛིན་བྱ་རྒྱུ་དེ་ཚན་རིག་དང་མཐུན་ལ་གནད་འཕིགས་ངང་ཡག་པོ་སྒྲུབ་དགོས་པ་དང་།  ཧུའུ་པེ་ཞིང་ཆེན་དང་ཝུ་ཧན་གྲོང་ཁྱེར་གྱིས་སྔར་རྒྱུན་བཞིན་གཟབ་ནན་དང་ངར་ཤུགས་གཅིག་སྒྲིམ་ངང་སྨན་བཅོས་སྲོག་སྐྱོབ་ལ་མུ་མཐུད་ཤུགས་སྣོན་བརྒྱབ་སྟེ།  སྨན་བཅོས་དྲག་སྐྱེད་ཐུབ་ཚད་མཐོ་རུ་ཧུར་ཐག་གཏོང་བ་དང་ཤི་ཚད་དམའ་རུ་བཏང་ཐོག  སྡེ་ཁུལ་གྱི་སྔོན་འགོག་ཚོད་འཛིན་བྱ་ཐབས་འཐུས་སྒོ་ཚང་དུ་གཏོང་བ་དང་།  རིམས་ནད་མེད་པའི་སྡེ་ཁུལ་གྱི་གྲོང་མིའི་བྱེད་སྒོའི་ཁོར་ཡུག་གོ་རིམ་ལྡན་པའི་ངང་རྒྱ་ཆེར་གཏོང་བ།  མི་ཆོས་ལྡན་པའི་སེམས་ཁུར་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས་རིམས་ནད་རྗེས་ཀྱི་ལས་དོན་བརྟན་པོའི་ངང་ཡག་པོ་སྒྲུབ་དགོས་ཅེས་མཛུབ་སྟོན་བྱས་ཡོད།

རྩོམ་ཡིག་ནང་གོ་ལ་ཧྲིལ་པོར་ནད་ཡམས་ཁྱབ་པ་དེས་ང་ཚོར་ཡང་ཕྱི་རྒྱལ་ནས་ནད་ཡམས་འགོས་ཁྱབ་ཡོང་བའི་ཉེན་ཁ་འཕྲད་ཡོད་པས།  དེར་ཁ་གཏད་གཅོག་པའི་སྔོན་འགོག་ཚོད་འཛིན་གྱི་ཐབས་ཇུས་དང་སྲིད་ཇུས་བྱ་ཐབས་འཐུས་ཚང་དུ་གཏོང་བ་དང་།  ཕྱི་ཕྱོགས་ནས་ནད་ཡམས་འགོས་ཁྱབ་ཡོང་རྒྱུ་སྔོན་འགོག་གི་གཙོ་གནད་ལས་འགན་དོན་འཁྱོལ་བྱས་ནས་གྲངས་གཞི་མཉམ་སྤྱོད་དང་།  ཆ་འཕྲིན་བརྡ་ཁྱབ།  རྒྱལ་ཁོངས་སུ་ཡོང་བའི་མི་སྣར་ཞིབ་བཤེར་བཅས་ཀྱི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ།  མཁའ་འགྲུལ་སྐྱེལ་འདྲེན་དང་འགག་སྒོའི་ནད་ཡམས་ཞིབ་བཤེར།  སྡེ་ཁུལ་གྱི་སྔོན་འགོག་ཚོད་འཛིན་བཅས་ཀྱི་རྣམ་པ་ཞིག་ཆགས་པ་བྱེད་དགོས་པ།  ནད་ཡམས་སྔོན་འགོག་ཚོད་འཛིན་གྱི་རྒྱལ་སྤྱིའི་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་དང་།  འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་དང་མཉམ་ལས་དམ་ཟབ་བྱེད་པ།  གོ་ལ་ཧྲིལ་པོའི་ནད་ཡམས་འགྱུར་ལྡོག་ལ་དབྱེ་ཞིབ་དང་སྔོན་དཔག་ལ་ཤུགས་སྣོན་རྒྱག་པ།  འབྲེལ་ཡོད་རྒྱལ་ཁབ་དང་ནད་ཡམས་སྔོན་འགོག་ཚོད་འཛིན་ཐད་ཀྱི་སྤེལ་རེས་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་ནུས་པས་ལྕོགས་ཚོད་ཀྱི་རོགས་རམ་མུ་མཐུད་བྱེད་དགོས་ཅེས་འཁོད་ཡོད།

རྩོམ་ཡིག་ནང་།  ལས་སླ་པོར་བྱུང་བ་མ་ཡིན་པའི་རྒྱུན་མཐུད་ལེགས་སུ་འགྲོ་བའི་དུས་བབ་རྒྱུན་ཆད་མེད་པར་སྲ་བརྟན་དང་རྒྱ་ཆེར་བཏང་ནས།  ལྷོད་གཡེང་མི་བྱེད་པ་དང་སུན་སྣང་མི་སྐྱེ་བ།  ངར་ཤུགས་མི་ཆག་པ་བཅས་ཀྱི་ཐོག་ནས་ལས་དོན་ཁག་དམ་འཛིན་ཏན་ཏིག་དང་།  དམ་འཛིན་ཞིབ་ཚགས།  དམ་འཛིན་གནད་འཕིགས་བཅས་བྱས་ཚེ་ང་ཚོས་ནད་ཡམས་ལས་རྣམ་པར་རྒྱལ་ངེས་ཡིན་པས།  ནད་ཡམས་ཀྱི་གྱོང་གུན་ཕོག་ཚད་དམའ་ཤོས་སུ་ཧུར་ཐག་བཏང་སྟེ་ནད་ཡམས་སྔོན་འགོག་ཚོད་འཛིན་ཐུབ་པ་དང་།  ཕྱོགས་ཡོངས་ནས་འབྱོར་འབྲིང་དང་དབུལ་གྲོལ་འགག་སྒྲོལ་གྱི་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་ཐུབ་པ་བྱེད་དགོས་ཅེས་ནན་བཤད་བྱས་ཡོད།།

  ༼  རྩོམ་སྒྲིག་ངག་དབང་། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]