རང་ལྗོངས་ཀྱི་ཁེ་ལས༩༠ལ་ཚན་རྩལ་གསར་གཏོད་རོགས་སྐྱོབ་མ་དངུལ་སྒོར་ཁྲི༥༤༣རགས་པ།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2020-03-24

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ཉེ་དུས།  རང་ལྗོངས་ཀྱི་ཁེ་ལས ༩༠ ལ་ཚན་རྩལ་གསར་གཏོད་རོགས་སྐྱོབ་མ་དངུལ་སྒོར་ཁྲི ༥༤༣ རགས་པ་མ་ཟད།  ཁེ་ལས ༣༨ ལ་ཚན་རྩལ་གསར་གཏོད་ཞབས་ཞུ་ཚན་པའི་ཁས་ལེན་ཐོབ་ཡོད་པས།  ཁེ་ལས་དེ་དག་གིས་སླད་ཕྱིན་གྱི་ཚན་རྩལ་གསར་གཏོད་ནང་ནུས་པ་ཆེན་པོ་འདོན་རྒྱུ་རེད།

ཤེས་རྟོགས་བྱས་པར་གཞིགས་ན།  ལོ་གཅིག་ནང་གསར་གཏོད་མ་དངུལ་རེ་ཞུ་ཐེངས་མང་བྱེད་ཆོག་པ་དང་།  ཚན་རྩལ་རྣམ་པའི་ཁེ་ལས་འབྲིང་ཆུང་གིས་ལོ་གཅིག་ལ་སྒོར་ཁྲི ༢༠ དང་གསར་གཏོད་ལས་གཏོད་ཚོགས་པས་ལོ་གཅིག་ལ་སྒོར་ཁྲི ༥ རེ་ཞུ་བྱེད་ཆོག་གི་ཡོད།  ཚན་རྩལ་རྣམ་པའི་ཁེ་ལས་འབྲིང་ཆུང་གིས་གསར་གཏོད་མ་དངུལ་བེད་སྤྱོད་བྱེད་སྐབས་ཐེངས་གཅིག་གི་ཉོ་སྒྲུབ་ཞབས་ཞུའི་གཏོང་སྒོའི་ཕྱེད་ཀ་ལས་བརྒལ་མི་ཆོག་པ་དང་།  གསར་གཏོད་ལས་གཏོད་ཚོགས་པས་མ་དངུལ་བེད་སྤྱོད་བྱེད་སྐབས་ཐེངས་གཅིག་གི་ཉོ་སྒྲུབ་ཞབས་ཞུའི་གཏོང་སྒོའི་བརྒྱ་ཆ ༩༠ ལས་བརྒལ་ཆོག་གི་མེད།།

  ༼  རྩོམ་སྒྲིག་ངག་དབང་། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]