རང་ལྗོངས་ཀྱིས་ས་བབ་མཐོ་ཁུལ་མང་ཚོཌ་གནས་སྤོའི་རྣམ་གྲངས་ལག་བསྟར་བྱས་ནས་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇཌ་སྲུང་བཅད་བརྟན་པོ་གཏོད།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2020-03-24

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

རང་ལྗོངས་ཀྱིས་ས་བབ་ཤིན་ཏུ་མཐོ་བའི་ཁུལ་གྱི་མང་ཚོགས་སྐྱེ་ཁམས་གནས་སྤོའི་རྣམ་གྲངས་ལག་བསྟར་བྱས་ཏེ།  སྐྱེ་ཁམས་དང་གོང་འཕེལ་གྱི་དཀའ་གནད་སེལ་བ་དང་དབུལ་གྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་བཏང་ནས་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་བཅད་བརྟན་པོ་གཏོད་ཡོད།

དུས་རབས་ཉི་ཤུ་པའི་ལོ་རབས་བདུན་ཅུའི་ནང་།  རྩྭ་ཕྱུགས་འགལ་ཟླ་ཆུང་དུ་གཏོང་ཆེད།  ནག་ཆུ་གྲོང་ཁྱེར་ཤན་རྩྭ་རྫོང་གི་འབྲོག་པ་མང་ཚོགས་ཚོས་བར་ཐག་སྤྱི་ལེ ༣༠༠ དང་ཆ་སྙོམས་ས་བབ་མཐོ་ཚད་སྤྱི་ཁྲེ ༥༠༠༠ ཟིན་པའི་ཁུལ་དུ་གནས་སྤོ་བྱས་པ་དང་།  རྗེས་སུ་རིམ་བཞིན་འཕེལ་རྒྱས་བྱུང་ནས་རང་ལྗོངས་སུ་ས་བབ་མཐོ་ཤོས་ཀྱི་རྫོང་སྟེ་མཚོ་གཉིས་རྫོང་དུ་གྱུར་ཡོད།  སྤྱི་ལོ ༢༠༡༩ ལོའི་ལོ་མཇུག་ཏུ་རི་འཁྱར་སྲོག་ཆགས་སྲུང་སྐྱོབ་བྱ་ཆེད།  མཚོ་གཉིས་རྫོང་གི་གནས་སྤོས་འབྲོག་པ་རྣམས་སླར་ཡང་བར་ཐག་སྤྱི་ལེ ༡༠༠༠ ཙམ་དང་ས་བབ་མཐོ་ཚད་སྤྱི་ཁྲེ ༣༦༠༠ ཡོད་པའི་ཡར་ཀླུང་གཙང་པོའི་བྱང་ངོགས་སུ་གནས་སྤོ་བྱས་ཡོད།

མཚོ་གཉིས་རྫོང་གི་ཆ་སྙོམས་ས་བབ་མཐོ་ཚད་སྤྱི་ཁྲེ ༥༠༠༠ ལྷག་ཟིན་གྱི་ཡོད་པའི་ཁར་མཁའ་རླུང་ནང་གསོ་རླུང་འདུ་ཚད་ནང་སའི་བརྒྱ་ཆ ༤༠ ལས་ཟིན་གྱི་མེད་པས།  མིའི་ཆ་སྙོམས་ཚེ་ཚད་ལོ ༥༨ ལས་ཟིན་གྱི་མེད་པའི་རང་བྱུང་ཆ་རྐྱེན་ཞན་པའི་ཁུལ་དེ་ནི་གཙོད་དང་རྐྱང་།  འབྲོང་སོགས་རི་འཁྱར་སྲོག་ཆགས་འཚོ་གནས་བྱེད་ཁུལ་གཙོ་བོ་ཞིག་རེད།  མཚོ་གཉིས་རྫོང་དེ་ཉིད་ས་ཐག་རིང་བ་དང་ཁོར་ཡུག་ཆ་རྐྱེན་ཞན་ཞིང་འཐུང་ཆུ་དང་སློབ་གསོ།  སྨན་བཅོས།  འགྲིམ་འགྲུལ་སོགས་དཀའ་ངལ་ཆེན་པོ་ཡོད་པར་དམིགས་ཏེ།  སྤྱི་ལོ ༢༠༡༩ ལོའི་ལོ་མཇུག་ཏུ།  བོད་ཀྱིས་ས་བབ་ཤིན་ཏུ་མཐོ་བའི་ཁུལ་གྱི་མང་ཚོགས་སྐྱེ་ཁམས་གནས་སྤོའི་རྣམ་གྲངས་ལག་བསྟར་བྱས་ཡོད།  གནས་སྤོས་མང་ཚོགས་ཚེ་རིང་སྒྲོལ་དཀར་ཁྱིམ་ནི་མཚོ་གཉིས་རྫོང་དཀར་མཚོ་ཤང་གི་ཐག་རིང་ལུང་ཁུག་ཁུལ་ནས་ཡར་ཀླུང་གཙང་པོའི་ལྷོ་ངོགས་ཀྱི་ལྷོ་ཁ་གྲོང་ཁྱེར་གོང་དཀར་རྫོང་སྲིན་བུ་རི་གྲོང་ཚོར་གནས་སྤོ་བྱས་པའི་དུད་ཚང་གི་གྲས་ཤིག་རེད།  གནས་སྤོ་ཁུལ་དུ་སློབ་གྲྭ་དང་སྨན་ཁང་།  ཁྲོམ་ར་སོགས་ཡོད་པ་མ་ཟད་འགྲིམ་འགྲུལ་སྟབས་བདེ་པོ་ཡོད་པ་དང་།  ཁང་པ་གསར་པའི་ནང་རང་བྱུང་སོལ་རླངས་ཐབ་དང་གཟུགས་པོ་འཁྲུ་ཆས་བསྒར་ཡོད་པས།  སྔར་གྱི་སྡོད་གནས་དང་བསྡུར་ན་ཆ་རྐྱེན་ལྡབ་གྲངས་ཀྱིས་ལེགས་སུ་ཕྱིན་ཡོད།

ས་བབ་ཆེས་མཐོ་བའི་མང་ཚོགས་སྐྱེ་ཁམས་གནས་སྤོ་བྱེད་ཡུལ་སྲིན་བུ་རིའི་བཀོད་སྒྲིག་ས་ཚིགས་ནི་ལྷ་སའི་གོང་དཀར་འབབ་ཐང་དང་བར་ཐག་སྤྱི་ལེ ༡༠ ཆོད་པ་དང་།  ལྷ་ས་གྲོང་ཁྱེར་དང་བར་ཐག་སྤྱི་ལེ ༦༠ ལྷག་ཙམ་ཆོད་ཡོད།  མཚོ་གཉིས་རྫོང་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། སྲིན་བུ་རིའི་གནས་སྤོ་བཀོད་སྒྲིག་ས་ཚིགས་ཀྱི་འཐབ་ས་མདུན་མའི་བཀོད་འདོམས་པུའི་བཀོད་འདོམས་པ་གཞོན་པ་སྲི་དབང་ནས།  དེ་གར་གནས་སྤོ་བྱས་རྗེས་མང་ཚོགས་ཀྱི་སྨན་བཅོས་དང་ལས་ཞུགས།  སློབ་སྦྱོང་སོགས་ཁོར་ཡུག་སྔར་བས་ལེགས་སུ་འགྲོ་རྒྱུ་རེད་ཅེས་གསུངས།

ད་ལོ་དགུང་ལོ ༧༧ ལ་ཕེབས་པའི་བགྲེས་སོང་པད་མས་གསར་འགོད་པར་གནས་སྤོ་ཐེངས་གཉིས་པ་དེའི་མྱོང་ཚོར་གླེང་སྐབས།  དང་ཐོག་གནས་སྤོ་བྱེད་སྐབས་སེམས་ཁྲལ་ཆེན་པོ་བྱུང་དངོས་སུ་སྤོས་ཚར་རྗེས་སེམས་ཁྲལ་གཞི་ནས་སེལ་སོང་ཞེས་གསུངས།  ད་ཆ་བགྲེས་སོང་ཁོང་རྒྱ་ཁྱོན་སྤྱི་ཁྲེ་ངོས་སྙོམས་གྲུ་བཞི་མ ༡༥༠ ཡོད་པའི་ཐོག་རྩེགས་གཉིས་ལྡན་གྱི་ཁང་པ་གསར་པའི་ནང་བདེ་སྐྱིད་ལྡན་པའི་འཚོ་བ་གསར་པར་རོལ་བཞིན་ཡོད།  གནས་སྤོས་མང་ཚོགས་རྣམས་གནས་སྤོ་ཐུབ་པ་དང་གཞི་ཆགས་ཐུབ་པ།  ལས་ཞུགས་ཐུབ་པ།  ཕྱུག་འགྱུར་ཐུབ་པ་བཅས་བྱ་ཆེད།  ལྷོ་ཁ་གྲོང་ཁྱེར་སྲིད་གཞུང་ནས་སྲིན་བུ་རིའི་དེང་རབས་འབྲོག་ར་དང་སྒྲིག་བཀོད་ཞིང་ལས།  དཔལ་འབྱོར་ནགས་གླིང་སོགས་རྣམ་གྲངས་ལག་བསྟར་བྱས་ཏེ་གནས་སྤོས་མང་ཚོགས་ལ་ལས་ཞུགས་ལས་གནས་མཁོ་འདོན་བྱེད་རྒྱུ་རེད།

ཤེས་རྟོགས་བྱས་པར་གཞིགས་ན།  རང་ལྗོངས་ཀྱིས་ས་བབ་ཤིན་ཏུ་མཐོ་བའི་ཁུལ་གྱི་མང་ཚོགས་སྐྱེ་ཁམས་གནས་སྤོ་བྱེད་རྒྱུའི་སྤྱི་ལོ ༢༠༡༨ ལོ་ནས ༢༠༢༥ ལོ་བར་གྱི་འཆར་གཞི་ཆེད་མངགས་བཟོས་ཏེ་ས་བབ་མཐོ་ཚད་སྤྱི་ཁྲེ ༤༨༠༠ ཡན་ཟིན་པའི་ནག་ཆུ་དང་མངའ་རིས།  གཞིས་རྩེ་བཅས་གྲོང་ཁྱེར༼ས་ཁུལ༽གསུམ་གྱི་རྫོང་ ༢༠ ཡི་ཤང་༼གྲོང་རྡལ༽ ༩༧ དང་།  གྲོང་ཚོ ༤༥༠ ཡི་མི་ཁྲི ༡༣ ལྷག་ཙམ་ནང་ནས་མི་ཁྲི ༡༠ ལྷག་ཙམ་ཡར་ཀླུང་གཙང་པོའི་འགྲམ་ངོགས་སུ་གནས་སྤོ་བྱས་ཏེ།  བྱེད་ནུས་འཐུས་སྒོ་ཚང་བ་དང་གཞི་ཁྱོན་ངེས་ཅན་ལྡན་པའི་དེང་རབས་གྲོང་རྡལ་ཞིག་ཆགས་པ་བྱེད་རྒྱུ་རེད།

གཞན་ཡང་།  རང་ལྗོངས་ཀྱི་ས་བབ་ཤིན་ཏུ་མཐོ་བའི་ཁུལ་གྱི་མང་ཚོགས་སྐྱེ་ཁམས་གནས་སྤོའི་རྣམ་གྲངས་ཡོངས་སུ་སྐྲུན་ཟིན་རྗེས།  མཚོ་གཉིས་རྫོང་གནས་ཡུལ་གྱི་སྐྱེ་ཁམས་ཁོར་ཡུག་ཕྱོགས་ཡོངས་ནས་ལེགས་བཅོས་ཐུབ་སྟེ།  རྩྭ་ཐང་ཁྱབ་ཚད་རྒྱ་ཆེར་འགྲོ་རྒྱུ་དང་ཐང་རྒོད་སླར་གསོ་ཏན་ཏིག་ཐུབ་རྒྱུ་རེད།།

  ༼  རྩོམ་སྒྲིག་ངག་དབང་། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]