གཞིས་རྩེའི་ཁེ་ལས་ཁག་གིས་ད་ལོའི་དམིགས་ཚད་ལས་འགན་ཁག་སྒྲུབ་རྒྱུར་འགོ་ཡག་པོ་བཙུགས།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2020-03-24

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

གཞིས་རྩེ་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གི་སྒྲིག་འཛུགས་ནུས་ལྡན་འོག  གྲོང་ཁྱེར་དེ་ཡོངས་ཀྱི་ཁེ་ལས་ཆེ་གྲས་ཁག་ནས་ནད་ཡམས་འགོག་ཟོན་ནན་པོ་བྱས་པ་དང་ཆབས་ཅིག  རིམ་པ་དང་རིགས་དབྱེ་བའི་སྒོ་ནས་ལས་ཀ་བསྐྱར་ཚུགས་དང་ཐོན་སྐྱེད་སླར་གསོ་བྱས་ཏེ།  ནད་ཡམས་འགོག་ཟོན་དང་དཔལ་འབྱོར་གོང་འཕེལ་གཉིས་ཀར་ལྷོད་གཡེང་མི་ཤོར་བ་དང་ཕྱོགས་གཉིས་ཀར་སྐུལ་འདེད་ཤུགས་ཆེ་བཏང་སྟེ་ད་ལོའི་དམིགས་ཚད་ལས་འགན་ཁག་སྒྲུབ་རྒྱུར་འགོ་ཡག་པོ་བཙུགས་ཡོད།
གཞིས་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས་ལྕགས་འདམ་ཤང་དུ་ཡོད་པའི་བསམ་གྲུབ་རྩེ་ཆུས་བདེ་ཆེན ༣༩༠༠ གཞིས་ཀ་ཚད་ཡོད་ཀུང་སིས།  སྤྱི་ལོ ༢༠༡༩ ལོར་བསམ་གྲུབ་རྩེ་ཆུས་དང་དིང་རི་རྫོང་།  ངམ་རིང་རྫོང་བཅས་ཀྱི་དུད་ཚང་ ༦༡༨ ལ་ཁྲིད་སྟོན་བྱས་པ་དང་ཁེ་སྤོགས་སྒོར་ཁྲི་ཚོ ༢༣༠ བགོ་འགྲེམས་བྱས་པས།  ཡིག་ཚགས་དང་གཱ་བཟོས་པའི་དབུལ་ཕོངས་མང་ཚོགས ༢༧༦༤ དབུལ་ཞྭ་ཕུད་ཐུབ་པ་བྱུང་ཡོད།  ཀུང་སི་དེས་ནད་ཡམས་འགོག་ཟོན་གྱི་བྱ་ཐབས་དོན་འཁྱོལ་ནན་པོ་བྱས་པའི་རྨང་གཞིའི་ཐོག་སྤྱི་ཟླ་གསུམ་པའི་ཚེས ༡ ཉིན་ནས་ལས་ཀ་བསྐྱར་ཚུགས་བྱས་ཡོད་ཅིང་།  ད་ཆ་ཀུང་སི་དེས་ཉིན་རེར་ནས་ཀྱི་བཟའ་བཅའ་ཀྲོན ༨༠ ལྷག་ཙམ་ཐོན་སྐྱེད་ཐུབ་ཀྱི་ཡོད།
ས་སྐྱ་རྫོང་དགེ་སྡིངས་གྲོང་རྡལ་དུ་ཡོད་པའི་མཐོ་གསར་གངས་ལྷ་ཨར་འདམ་ཚད་ཡོད་ཀུང་སིས།  ཕྱོགས་གཅིག་ནས་ལས་མིར་དོ་དམ་ནན་ཏན་བྱས་ཏེ་ལོགས་སྡོད་དང་ལྟ་ཞིབ་ཚད་ལེན་སོགས་ཀྱི་ལས་དོན་ཡག་པོ་སྒྲུབ་ཐོག་བོད་དུ་ཚུར་ལོག་བྱེད་པའི་ལས་མི་གོ་རིམ་ལྡན་པའི་ངང་ལས་གནས་ཐོག་ལོག་རྒྱུ་འགན་ལེན་བྱས་པ་དང་།  ཕྱོགས་གཞན་ཞིག་ནས་སྒྲིག་ཆས་ཉམས་བཟོ་དང་རྒྱུ་ཆ་གྲ་སྒྲིག་སོགས་ཀྱི་ལས་དོན་སྔ་སྣུར་དུ་སྒྲུབ་སྟེ་རྒྱུན་གཏན་ལྟར་ཐོན་སྐྱེད་ཐུབ་རྒྱུ་འགན་སྲུང་ནུས་ལྡན་བྱས་ཡོད།
པ་སྣམ་རྫོང་ཀྲུང་ནུང་ཧྲེང་གཡུས་ཞིང་འབྲོག་ཚན་རྩལ་མ་རྐང་ཚད་ཡོད་ཀུང་སིས།  ནད་ཡམས་འགོག་ཟོན་གྱི་ལས་དོན་ཡག་པོ་སྒྲུབ་པ་དང་ཆབས་ཅིག་ལས་མི་ཁ་སྣོན་བྱས་ནས་ས་རྒྱུ་ལེགས་སྒྱུར་བྱེད་མགྱོགས་སུ་བཏང་སྟེ།  ཤིང་འབྲས་དང་སྔོ་ཚལ་འདེབས་འཛུགས་གང་ལེགས་བྱས་ཡོད་པས།  ད་ཆ་ཉིན་ལྟར་སྔོ་ཚལ་རྒྱ་མ ༥༠༠༠ ཡས་མས་ཁྲོམ་རའི་ཐོག་མཁོ་འདོན་ཐུབ་ཀྱི་ཡོད་པ་དང་།  ཟླ་འདིའི་ཟླ་མཇུག་ཏུ་སླེབས་སྐབས་ཉིན་ལྟར་ཁྲོམ་རའི་ཐོག་སྔོ་ཚལ་མཁོ་འདོན་བྱེད་ཚད་རྒྱ་མ་ཁྲི་ཁ་ལོན་བཟོ་ཡོད།
ཤེས་རྟོགས་བྱས་པར་གཞིགས་ན།  སྤྱི་ཟླ་གསུམ་པའི་ཚེས ༡༠ ཉིན་བར།  གཞིས་རྩེ་གྲོང་ཁྱེར་དུ་ལས་ཀ་བསྐྱར་ཚུགས་ཐུབ་པའི་རྣམ་གྲངས ༣༣ ཟིན་ཡོད་པ་དང་།  གྲོང་ཁྱེར་དེ་ཡོངས་ཀྱི་ཐག་རིང་འགྲུལ་སྐྱེལ་དང་མྱུར་སྐྱེལ།  སྐྲ་བཞར་སོགས་ཞབས་ཞུའི་ལས་རིགས་མང་པོ་ཞིག་ཀྱང་གཅིག་མཇུག་གཉིས་མཐུད་ངང་ལས་ཀ་བསྐྱར་ཚུགས་བྱེད་བཞིན་ཡོད།།

  ༼  རྩོམ་སྒྲིག་ནོར་བུ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]