ཉམས་པ་མེད་པའི་མཛད་རྗེས་རྡོ་རིང་། རླབས་ཆེ་བའི་མཆོང་སྐྱོད།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2020-03-24

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

བོད་ལྗོངས་ཉིན་རེའི་ཚགས་པར་ཐོག  བོད་ལ་དམངས་གཙོའི་བཅོས་བསྒྱུར་བྱས་ནས་ལོ་ངོ་ ༦༡ འཁོར་བར་དྲན་གསོ་ཞུ་བའི་དཔྱད་གཏམ་པའི་རྩོམ་ཡིག་ཁག་དང་པོ་སྟེ།  ཉམས་པ་མེད་པའི་མཛད་རྗེས་རྡོ་རིང་། རླབས་ཆེ་བའི་མཆོང་སྐྱོད་ཅེས་པ་སྤེལ་ཡོད་པ་རེད།

རྩོམ་ཡིག་ནང་།  ལོ་ངོ་ ༦༡ གོང་གི་དཔྱིད་ཀར་དམངས་གཙོའི་བཅོས་བསྒྱུར་གྱི་རླབས་རྒྱུན་ས་མཐོའི་ས་གཞི་ཆེ་མོར་ཁྱབ་ནས།  བོད་རྙིང་པའི་ཆོས་སྲིད་ཟུང་འབྲེལ་གྱི་བཀས་བཀོད་རྒྱུན་འཛིན་ཞིང་བྲན་ལམ་ལུགས་རྩ་མེད་བཟོས་པས་ཞིང་བྲན་ཁྲི་ཚོ་བརྒྱར་ཡར་ལངས་བཅིངས་འགྲོལ་ཐོབ་སྟེ།  རྒྱལ་ཁབ་དང་སྤྱི་ཚོགས་ཀྱི་བདག་པོར་གྱུར་ཡོད།  དེ་ནི་བོད་ཀྱི་སྤྱི་ཚོགས་གོང་འཕེལ་དང་འགྲོ་བ་མིའི་ཐོབ་ཐང་ཡར་ཐོན་ཐད་ཀྱི་དུས་རབས་དབྱེ་བའི་ལོ་རྒྱུས་ཀྱི་བྱ་བ་གལ་ཆེན་ཞིག་དང་།  འགྲོ་བ་མིའི་རིགས་ཀྱི་ཤེས་དཔལ་གོང་འཕེལ་ལོ་རྒྱུས་དང་འཛམ་གླིང་འགྲོ་བ་མིའི་ཐོབ་ཐང་ལོ་རྒྱུས་ཐོག་དོན་སྙིང་གལ་ཆེན་ལྡན་པའི་ཡར་རྒྱས་ཧ་ཅང་ཆེན་པོ་ཞིག་ཡིན་ཞིང་།  བོད་ཀྱི་ལོ་རྒྱུས་ཀྱི་དུས་རབས་གསར་པ་ཞིག་བཏོད་དེ་བོད་ལྗོངས་མི་དམངས་རྣམས་སྤྱི་ཚོགས་རིང་ལུགས་ཀྱི་ཡངས་ཤིང་རྒྱ་ཆེ་བའི་འགྲོ་ལམ་ཐོག་གོམ་ཞེང་ཆེན་པོས་མདུན་སྐྱོད་བྱེད་པའི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པ་ཞིག་བཏོད་ནས།  འཛམ་གླིང་གི་ཡང་རྩེར་ཉམས་པ་མེད་པའི་མཛད་རྗེས་རྡོ་རིང་ཞིག་བཏོད་ཡོད་ཅེས་འཁོད་ཡོད།

རྩོམ་ཡིག་ནང་།  དམངས་གཙོའི་བཅོས་བསྒྱུར་ནི་བོད་ཀྱི་སྤྱི་ཚོགས་ལམ་ལུགས་ཀྱི་རླབས་ཆེའི་མཆོང་སྐྱོད་ཅིག་ཡིན་པས།  བཀས་བཀོད་རྒྱུན་འཛིན་ཞིང་བྲན་ལམ་ལུགས་རྩ་མེད་བཟོས་པ་དང་མི་དམངས་དམངས་གཙོའི་ལམ་ལུགས་གསར་པ་བཙུགས་ནས།  བོད་ལྗོངས་འདི་ཉིད་ཤེས་དཔལ་ཡར་ཐོན་ཕྱོགས་སུ་སྐྱོད་པའི་ལམ་ལུགས་ཀྱི་འགོག་རྐྱེན་དུ་གྱུར་བ་རྣམས་གཙང་སེལ་བྱས་ཡོད།  དམངས་གཙོའི་བཅོས་བསྒྱུར་ནི་བོད་ལྗོངས་མི་དམངས་ཀྱི་ལས་དབང་ལ་བྱུང་བའི་རླབས་ཆེའི་མཆོང་སྐྱོད་ཅིག་ཡིན་པས།  ཞིང་བྲན་ཁྲི་ཚོ་བརྒྱར་ཡར་ལངས་བཅིངས་འགྲོལ་ཐོབ་ནས་རྒྱལ་ཁབ་དང་སྤྱི་ཚོགས་ཀྱི་བདག་པོར་གྱུར་ཡོད།  བོད་ལྗོངས་མི་རིགས་ཁག་གི་མི་དམངས་ཀྱིས་ཀྲུང་གོ་གུང་ཁྲན་ཏང་གི་དབུ་ཁྲིད་འོག་རྒྱལ་ཡོངས་མི་དམངས་དང་མཉམ་དུ་སྤྱི་ཚོགས་རིང་ལུགས་ཀྱི་ཡངས་ཤིང་རྒྱ་ཆེ་བའི་འགྲོ་ལམ་ཐོག་བསྐྱོད་དེ།  དཔལ་འབྱོར་གོང་འཕེལ་དང་སྤྱི་ཚོགས་ཡར་ཐོན་ལ་སྐུལ་འདེད་གཏོང་བའི་བྱ་གཞག་ཁག་ལ་འཛམ་གླིང་སྐྱེ་བོ་ཀུན་གྱིས་དོ་སྣང་བྱེད་པའི་འོད་སྟོང་འབར་བའི་གྲུབ་འབྲས་ཐོབ་སྟེ།  མཛེས་སྡུག་དང་བདེ་སྐྱིད་ལྡན་པའི་འཚོ་བ་གཏོད་པའི་དུས་རབས་གསར་པར་སྐྱོད་འགོ་ཚུགས་ཡོད།  དམངས་གཙོའི་བཅོས་བསྒྱུར་ནི་རིག་གནས་ཐད་ཀྱི་རླབས་ཆེའི་མཆོང་སྐྱོད་ཅིག་ཡིན་པས།  མི་རྣམས་ཀྱི་བསམ་བློའི་འཆིང་རྒྱ་དཀྲོལ་ཏེ་འདུ་ཤེས་གསར་པ་རྒྱུན་ཆད་མེད་པར་བཙུགས་ནས།  བོད་ལྗོངས་འདི་ཉིད་ཤེས་དཔལ་ཡར་ཐོན་ཕྱོགས་སུ་བསྐྱོད་རྒྱུར་བསམ་བློའི་སྒུལ་ཤུགས་ཆེན་པོ་མཁོ་འདོན་བྱས་ཡོད་ལ།  བོད་ལྗོངས་འདི་ཉིད་དུས་རབས་གསར་པར་སྐྱོད་རྒྱུ་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་རྒྱུ།  ཀྲུང་ཧྭ་མི་རིགས་རླབས་ཆེའི་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་གྱི་རྒྱང་སྐྱོད་ལམ་བུ་གསར་པའི་ཐོག་སྐྱོད་རྒྱུ་བཅས་ལ་འོད་སྟོང་བར་བའི་ལམ་བུ་བཏོད་ཡོད་ཅེས་འཁོད་ཡོད།

རྩོམ་ཡིག་ནང་།  རླབས་ཆེའི་མཆོང་སྐྱོད་བྱས་ནས་ལོ་རྒྱུས་ཀྱི་རླབས་རྒྱུན་ལ་སྣེ་ཁྲིད་བྱེད་པ་དང་།  ཉམས་པ་མེད་པའི་མཛད་རྗེས་རྡོ་རིང་དེ་ཡུན་ནས་ཡུན་དུ་གནས་ངེས།  ང་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་བྱེད་པ་དང་གོང་འཕེལ་དང་བརྟན་ལྷིང་།  སྐྱེ་ཁམས་བཅས་ཀྱི་དོན་ཆེན་གསུམ་ལ་དམ་པོར་དམིགས་ཏེ་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་དང་འབད་འབུངས་ཡར་བརྩོན་ངང་།  དུས་རབས་གསར་པར་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་འཛུགས་སྐྲུན་བྱེད་པའི་རླབས་ཆེའི་བྱ་གཞག་ལ་མུ་མཐུད་སྐུལ་འདེད་གཏོང་དགོས་ཅེས་ནན་བཤད་བྱས་ཡོད།།

  ༼  རྩོམ་སྒྲིག་གསལ་དགའ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]