རང་ལྗོངས་སུ་དེང་རབས་ཅན་དང་རྒྱལ་སྤྱི་ཅན་གྱི་ཕྱོགས་བསྡུས་མཛེས་རྩལ་ཁང་ཆེ་གྲས་ཤིག་བསྐྲུན་རྒྱུ།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2020-03-25

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

སྤྱི་ཟླ་གསུམ་པའི་ཚེས ༢༣ ཉིན།  རང་ལྗོངས་ཀྱི་གཙོ་གནད་ལས་གཞིའི་རྣམ་གྲངས་ཤིག་ཡིན་པའི་བོད་ལྗོངས་མཛེས་རྩལ་ཁང་དེ་སྔར་ཡོད་ཀྱི་ལྷ་ས་ཨར་འདམ་བཟོ་གྲྭ་རྙིང་པའི་གནས་ཡུལ་དུ་བསྐྲུན་འགོ་ཚུགས་པ་དང་།  རྣམ་གྲངས་དེར་སྒོར་དུང་ཕྱུར ༣.༥ ལྷག་ཙམ་གཏོང་རྒྱུ་དང་སྤྱིའི་ས་ཆའི་རྒྱ་ཁྱོན་སྤྱི་ཁྲེ་ངོས་སྙོམས་གྲུ་བཞི་མ་ཁྲི ༤.༧ ལྷག་ཙམ་ཟིན་ཞིང་།  ཉར་ཚགས་དང་འགྲེམས་སྟོན།  ཞིབ་འཇུག  སྤེལ་རེས།  སློབ་གསོ།  ཁྱབ་གདལ་སོགས་གཞི་གཅིག་ཏུ་བསྡུས་པའི་དེང་རབས་ཅན་དང་རྒྱལ་སྤྱི་ཅན།  གྲངས་གཞི་ཅན་བཅས་ཀྱི་ཕྱོགས་བསྡུས་མཛེས་རྩལ་ཁང་ཆེ་གྲས་ཤིག་སྐྲུན་རྒྱུ་རེད།  བོད་ལྗོངས་མཛེས་རྩལ་ཁང་དེ་འགྲེམས་ཁང་གཙོ་བོ་དང་སྒྱུ་རྩལ་མཉམ་འགུལ་ཉམས་ལེན་ཁུལ།  སྒྱུ་རྩལ་མཁས་ཅན་བཅའ་སྡོད་གསར་རྩོམ་གྱི་རྟེན་གཞི།  སྒྱུ་རྩལ་འདུས་ཁུལ་བཅས་བྱེད་ནུས་ཁུལ་བཞི་ལ་དབྱེ་ཡོད
ཤེས་རྟོགས་བྱུང་བར་གཞིགས་ན།  བོད་ལྗོངས་མཛེས་རྩལ་ཁང་གི་རྣམ་གྲངས་ནི་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་བོད་ཀྱི་རིག་གནས་དང་རིག་རྩལ་བྱ་གཞག་གོང་འཕེལ་ལ་སྐུལ་འདེད་གཏོང་བའི་ཐབས་ཇུས་གལ་ཆེན་ཞིག་དང་།  བོད་ལྗོངས་གསར་པའི་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་འཛུགས་སྐྱོང་གི་རྣམ་གྲངས་གལ་ཆེན་ཞིག  རང་ལྗོངས་ཀྱི་བསམ་པའི་དཔལ་ཡོན་ཁྱབ་ཁོངས་ཀྱི་དམངས་འཚོའི་ལས་གཞི་གལ་ཆེན་ཞིག་བཅས་རེད། 
སྔོན་དཔགས་བྱས་པར་གཞིགས་ན།  འགྲེམས་ཁང་གི་ཁྱབ་ཁོངས་གཙོ་བོའི་ཁུལ་ཀ་པ་དང་ཁ་པ་གཉིས་ཀྱི་ལས་གྲྭ་སྤྱི་ལོ ༢༠༢༡ ལོའི་ཟླ་བདུན་པའི་ནང་མཇུག་སྒྲིལ་ཐུབ་པ་བྱ་རྒྱུ་དང་ཆབས་ཅིག  འགྲེམས་ཁང་གཙོ་བོ་སྒོ་དབྱེ་ནས་གཉེར་སྐྱོང་ཐུབ་རྒྱུ་འགན་ལེན་བྱས་ཏེ།  སྤྱི་ལོ ༢༠༢༡ ལོར་ཏང་དབུ་བརྙེས་ནས་ལོ་ངོ་ ༡༠༠ འཁོར་བ་དང་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་ ༦༠ འཁོར་བའི་རྟེན་འབྲེལ་ཕྱགས་རྟགས་སུ་འགྱུར་བ་བྱ་རྒྱུ་རེད།།

  ༼  རྩོམ་སྒྲིག་ནོར་བུ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]