འོད་སྟོང་འབར་བའི་བརྒྱུད་རིམ། གཡུར་དུ་ཟ་བའི་གྲུབ་འབྲས།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2020-03-25

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

བོད་ལྗོངས་ཉིན་རེའི་ཚགས་པར་ཐོག  བོད་ལ་དམངས་གཙོའི་བཅོས་བསྒྱུར་བཏང་ནས་ལོ ༦༡ འཁོར་བར་དྲན་གསོ་ཞུ་བའི་དཔྱད་གླེང་གཉིས་པ་སྟེ།  འོད་སྟོང་འབར་བའི་བརྒྱུད་རིམ། གཡུར་དུ་ཟ་བའི་གྲུབ་འབྲས་ཅེས་པའི་རྩོམ་ཡིག་སྤེལ་བ་རེད།

རྩོམ་ཡིག་ནང་།  ལོ་ངོ་ ༦༡ གོང་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་དམངས་གཙོའི་བཅོས་བསྒྱུར་བྱས་ནས་བོད་རྙིང་པའི་ཆོས་སྲིད་ཟུང་འབྲེལ་གྱི་བཀས་བཀོད་རྒྱུན་འཛིན་ཞིང་བྲན་ལམ་ལུགས་ཐལ་བའི་རྡུལ་དུ་བརླགས་ཏེ།  ཞིང་བྲན་དང་བྲན་གཡོག་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་པ་དང་འཚོ་བ་གསར་པ་བསུས་ནས།  བོད་ལྗོངས་མི་དམངས་ཀྱིས་སྤྱི་ཚོགས་རིང་ལུགས་ཀྱི་ཡངས་ཤིང་རྒྱ་ཆེ་བའི་འགྲོ་ལམ་ཐོག་གོམ་ཞེང་ཆེན་པོས་མདུན་སྐྱོད་བྱེད་པའི་རྒྱང་སྐྱོད་ལམ་བུ་གསར་པ་བཏོད་ཡོད།  ལོ་ངོ་ ༦༡ རིང་ཏང་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་དང་རྒྱལ་ཡོངས་མི་དམངས་ཀྱི་སྒེར་སེམས་མེད་པའི་རོགས་སྐྱོར་འོག  བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་ཕན་ཚུན་ལྟ་སྐྱོང་དང་དྲིན་ཚོར་ཡར་བརྩོན་ངང་ནས་བྱ་གཞག་ཁག་ཡར་ངོའི་ཟླ་ལྟར་གོང་འཕེལ་ཡོང་རྒྱུ་དང་ཕྱོགས་ཡོངས་ནས་ཡར་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་བས།  ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་བྱུང་སྟེ་མཐུན་སྒྲིལ་དང་།  དམངས་གཙོ།  འབྱོར་ཕྱུག  ཤེས་དཔལ།  ཞི་མཐུན་བཅས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པ་བཏོད་ཡོད་ཅེས་འཁོད་ཡོད།

རྩོམ་ཡིག་ནང་།  དམངས་གཙོའི་བཅོས་བསྒྱུར་བཏང་བ་དེས་བོད་ལྗོངས་འདི་ཉིད་དར་རྒྱས་གོང་འཕེལ་གྱི་ལམ་བུའི་ཐོག་བསྐྱོད་ཐུབ་པ་བྱུང་ཅིང་།  འགྲོ་ལམ་དེའི་ཐོག་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་ཐོག་མཐའ་བར་གསུམ་དུ་སྤྱི་ཚོགས་ཀྱི་འགལ་ཟླ་གཙོ་བོར་སྟངས་འཛིན་ནན་པོ་བྱས་ཏེ།  ཐོན་སྐྱེད་ནུས་ཤུགས་རྒྱུན་ཆད་མེད་པར་བཅིངས་འགྲོལ་དང་འཕེལ་རྒྱས་བཏང་ནས་དཔལ་འབྱོར་གོང་འཕེལ་དང་སྤྱི་ཚོགས་བདེ་འཁོད་ཀྱི་བྱ་གཞག་ཁག་ལ་གཡུར་ཟའི་གྲུབ་འབྲས་ཐོབ་པ་བྱས་ཡོད།  དམངས་གཙོའི་བཅོས་བསྒྱུར་བཏང་བ་དེས་བོད་ལྗོངས་འདི་ཉིད་ཡུན་རིང་བདེ་འཁོད་ཀྱི་ལམ་བུའི་ཐོག་བསྐྱོད་ཐུབ་ཅིང་།  འགྲོ་ལམ་དེའི་ཐོག་བོད་ཀྱི་མི་རིགས་ཁག་གི་མི་དམངས་ནས་ཐོག་མཐའ་བར་གསུམ་དུ་བོད་ཀྱི་སྤྱི་ཚོགས་ཀྱི་དམིགས་བསལ་འགལ་ཟླར་སྟངས་འཛིན་ནན་པོ་བྱས་ཏེ།  བཀས་བཀོད་རྒྱུན་འཛིན་ཞིང་བྲན་བདག་པོའི་གྲལ་རིམ་གྱི་རོ་ལངས་སྟོབས་ཤུགས་ལྷག་མས་བོད་དུ་སྤྱི་ཚོགས་ཟང་ཟིང་བཟོ་བའི་གྲལ་རིམ་གྱི་རྨང་གཞི་མེད་པ་བཟོ་བ་དང་རྒྱུན་སྲིང་ལྷོད་མེད་ངང་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་སྤེལ་ནས།  ཡུན་རིང་བདེ་འཁོད་ཀྱི་བགྲོད་ལམ་ཐོག་སྐྱོད་འགོ་བཙུགས་ཡོད།  དམངས་གཙོའི་བཅོས་བསྒྱུར་བཏང་བ་དེས་བོད་ཀྱི་མི་དམངས་བདེ་སྐྱིད་ཁམས་བཟང་གི་ལམ་བུའི་ཐོག་བསྐྱོད་ཐུབ་པ་བྱུང་ཅིང་།  འགྲོ་ལམ་དེའི་ཐོག་བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་ཉིན་བཞིན་ཕུན་སུམ་ཚོགས་སུ་འགྲོ་བའི་དེང་རབས་ཤེས་དཔལ་གྱི་གྲུབ་འབྲས་མཉམ་སྤྱོད་གང་ལེགས་ཐུབ་ནས།  བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་འཚོ་བར་འཆང་བའི་རེ་འདུན་དེ་རིམ་བཞིན་མངོན་འགྱུར་བྱུང་ཡོད་ཅེས་འཁོད་ཡོད།

རྩོམ་ཡིག་ནང་།  བོད་ཀྱི་ལོ་ངོ་ ༦༡ རིང་གི་སྤྱིར་བཏང་མ་ཡིན་པའི་འཕེལ་རྒྱས་ཀྱི་བརྒྱུད་རིམ་དང་།  མངོན་འགྱུར་བྱུང་བའི་རླབས་ཆེའི་མཆོང་སྐྱོད།  གཟེངས་སུ་ཐོན་པའི་གྲུབ་འབྲས་བཅས་ནི་ཏང་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་དང་རྒྱལ་ཡོངས་མི་དམངས་ཀྱི་རྒྱབ་སྐྱོར་ཤུགས་ཆེན་ལས་བྱུང་བ་ཞིག་ཡིན་པ་དང་།  སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་འགྲན་ཟླ་བྲལ་བའི་ཁྱད་འཕགས་དང་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་དོན་གཉེར་ལྷོད་མེད་གང་ལེགས་མཚོན་ཡོད།  དུས་རབས་གསར་པའི་ཉི་གཞོན་དང་སྦྲགས་ལོ་བརྒྱ་དང་པོའི་འབད་འཐབ་དམིགས་ཚད་ཕྱོགས་སུ་སྐྱོད་པའི་མཚམས་འདིར།  ང་ཚོས་བློ་མཐུན་ཞི་ཅིན་ཕིང་ནས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་དབུ་ཁྲིད་འོག  བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་བློ་གཅིག་སེམས་གཅིག་དང་ལག་གདང་སྦྲེལ་ནས་མདུན་སྐྱོད་བྱས་ཏེ།  སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་པའི་རླབས་ཆེན་བྱ་གཞག་ལ་རྒྱལ་ཁ་ཐོབ་ངེས་ཡིན་པ་དང་།  མི་རིགས་ཁག་གི་མི་དམངས་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བར་འཆང་བའི་རེ་འདུན་མངོན་འགྱུར་ཡོང་ངེས་ཡིན་པའི་ཡིད་ཆེས་བརྟན་པོ་ཡོད་ཅེས་འཁོད་ཡོད།།

  ༼  རྩོམ་སྒྲིག་གསལ་དགའ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]