ཅང་ཅེས་གཞིས་རྩེར་སློབ་ཆེན་སློབ་ཐོན་པའི་ལས་གཏོད་ལས་ཞུགས་ཀྱི་གནས་ཚུལ་ལ་བརྟག་ཞིབ་གནང་།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2020-11-04

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ཉེ་དུས།  ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུད། རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཅང་ཅེ་ཡིས་སྔ་རྗེས་སུ་གཞིས་རྩེ་གྲོང་ཁྱེར་གྲོ་མོ་རྫོང་དང་བསམ་གྲུབ་རྩེ་ཆུས་སུ་ཕེབས་ནས།  མཐའ་མཚམས་འབྱོར་འབྲིང་གྲོང་ཚོའི་ཐོན་ལས་འཛུགས་སྐྲུན་དང་སློབ་ཆེན་སློབ་ཐོན་པའི་ལས་གཏོད་ལས་ཞུགས་ཀྱི་གནས་ཚུལ་ལ་ས་གནས་ས་ཐོག་ཏུ་བརྟག་ཞིབ་གནང་བ་རེད། 
ཅང་ཅེ་ནས་རིམ་ཁག་འབྲེལ་ཡོད་ཚན་པ་ཁག་གིས་བོད་ཀྱི་ལས་དོན་སྐོར་གྱི་ཀྲུང་དབྱང་གི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ།  རང་འགུལ་ངང་ལས་གཏོད་བྱེད་མཁན་སློབ་ཆེན་སློབ་ཐོན་པའི་སེམས་ཁྲལ་དང་དཀའ་ངལ་ཧུར་ཐག་སེལ་ནས།  སློབ་ཆེན་སློབ་ཐོན་པ་སྤུས་ལེགས་ངང་ལས་ཞུགས་གང་མང་ཐུབ་རྒྱུར་སྐུལ་འདེད་གཏོང་དགོས་པ་དང་།  རྒྱ་ཆེའི་སློབ་ཆེན་སློབ་ཐོན་པས་ལས་ཞུགས་ཀྱི་འདུ་ཤེས་འགྱུར་བ་ཧུར་ཐག་བཏང་སྟེ་ལས་གཏོད་ལས་ཞུགས་ཀྱི་བརྒྱུད་རིམ་ནང་སྦྱོང་བརྡར་དང་ལེན་བྱས་ནས།  དཀའ་སྤྱད་འབད་འཐབ་ཀྱི་སྙིང་སྟོབས་ཐོག་ནས་རང་ཉིད་ཀྱི་ཕུགས་འདུན་སྒྲུབ་དགོས་པའི་བླང་བྱ་བཏོན་གནང་བ་རེད།།

  ༼  རྩོམ་སྒྲིག་ཚེ་རིང་གཡུ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]