ཀྲོང་ཡན་གྱིས་ལྗོངས་སྤྱི་པའི་ཐོན་ཁུངས་ཉོ་ཚོང་ལྟེ་གནས་སུ་ལས་དོན་བརྟག་ཞིབ་གནང་།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2020-11-04

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ཉེ་དུས།  ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཀྲོང་ཡན་གྱིས།  རང་སྐྱོང་ལྗོངས་སྤྱི་པའི་ཐོན་ཁུངས་ཉོ་ཚོང་ལྟེ་གནས་འཛུགས་སྐྲུན་དང་ཚོད་ལྟ་འཁོར་རྒྱུག་གནས་ཚུལ་ལ་བརྟག་ཞིབ་གནང་བ་མ་ཟད།  བཞུགས་མོལ་ཚོགས་འདུ་འཚོགས་ཏེ་འཛུགས་སྐྲུན་དང་འཁོར་རྒྱུག་གནས་ཚུལ་གྱི་སྙན་ཞུ་གསན་པ་དང་།  འཛུགས་སྐྲུན་སྔར་བས་བྱེད་མགྱོགས་སུ་གཏོང་རྒྱུའི་འབྲེལ་ཡོད་བྱ་བར་ཞིབ་འཇུག་ཀྱང་གནང་བ་རེད།   
རང་སྐྱོང་ལྗོངས་སྤྱི་པའི་ཐོན་ཁུངས་ཉོ་ཚོང་ལྟེ་གནས་སུ་ཀྲོང་ཡན་གྱིས་སྔ་རྗེས་སུ་ཉོ་ཚོང་ཚོམས་ཆེན་དང་ལྟ་སྐུལ་ཚོད་འཛིན་ཁང་གི་ཞབས་ཞུ་སྒྲུབ་གནས་སུ་ཕེབས་ཏེ།  སྤྱི་པའི་ཐོན་ཁུངས་ཉོ་ཚོང་སྟེགས་བུའི་ཉོ་ཚོང་བདག་སྤྲོད་དང་ལྟ་སྡོམ་བརྒྱུད་རིམ་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་གནང་བ་རེད།
བཞུགས་མོལ་ཚོགས་འདུའི་ཐོག  ཀྲོང་ཡན་ནས་རིམ་ཁག་ཚན་པ་ཁག་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་དང་།  རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ལས་འགན་བླང་བྱ་དང་དཔེ་བསྡུར་ཚད་འཛིན་བྱས་ནས།  སྤྱི་པའི་ཐོན་ཁུངས་ཉོ་ཚོང་སྒྲིལ་བཅོས་མཉམ་སྤྱོད་ལས་དོན་ལ་འགག་སྒྲོལ་གསར་པ་ཡོང་རྒྱུར་སྐུལ་འདེད་གཏོང་དགོས་པའི་མཛུབ་སྟོན་གནང་བ་རེད། 
ཀྲོང་ཡན་ནས་ད་དུང་འགན་འཁྲི་འཁུར་སེམས་ཆེ་རུ་གཏོང་བ་དང་གཏན་འཁེལ་བྱས་ཟིན་པའི་བཀོད་སྒྲིག་ཁག་དོན་འཁྱོལ་དམ་འཛིན་བྱས་ཏེ།  འགོ་འཛུགས་ས་མཐོ་པོ་དང་ཚད་གཞི་མཐོ་པའི་སྒོ་ནས་རང་སྐྱོང་ལྗོངས་སྤྱི་པའི་ཐོན་ཁུངས་ཉོ་ཚོང་སྟེགས་བུ་འཛུགས་སྐྲུན་ཡག་པོ་བྱས་ཐོག  རང་ལྗོངས་འདི་ཉིད་ཡུན་རིང་བདེ་འཁོད་དང་སྤུས་ལེགས་གོང་འཕེལ་ཡོང་རྒྱུར་རམ་འདེགས་བྱེད་དགོས་པ་དང་།  འབྲེལ་ཡོད་ལས་ཁུངས་ཀྱི་སྒྲིག་གཞིའི་ལམ་ལུགས་ཟླ་སྒྲིལ་གཏོང་བའི་ལས་དོན་གང་མགྱོགས་ལེགས་སྒྲུབ་བྱས་ནས།  གཅིག་བསྡུས་ཐོག་གཞུང་ལས་སྒྲུབ་སྟེ་ལས་ཁུངས་སྒྲིག་འཛུགས་གང་མགྱོགས་བྱེད་དགོས་པ།  ཁྲིམས་དང་སྒྲིག་སྲོལ་ལྟར་བྱ་བ་སྒྲུབ་སྟེ་ཉོ་ཚོང་གི་སྟེགས་བུ་གང་མགྱོགས་གཏོད་དེ་དཔེ་མཚོན་ལས་གཞི་དང་ལས་གཞི་རྩེ་གྲ  སྤྱོད་གཙང་ལས་གཞི་བཅས་གཏོད་དགོས་པ།  གཅིག་འགྱུར་འཐུས་ཚང་གི་ཉོ་ཚོང་ལམ་ལུགས་གང་མགྱོགས་བཙུགས་ནས།  རྒྱལ་ཁབ་ཀྱི་སྤྱི་པའི་ཐོན་ཁུངས་ཉོ་ཚོང་གི་གློག་རྡུལ་མ་ལག་དང་མཉམ་འབྲེལ་མཉམ་མཐུད་ཐུབ་པ་བྱེད་དགོས་པ།  ལྟ་སྡོམ་བྱེད་ཤུགས་ཆེ་རུ་བཏང་སྟེ་ཕན་ཆེ་ཁ་གསལ་གྱི་སྤྱི་པའི་ཐོན་ཁུངས་ཉོ་ཚོང་སྟེགས་བུ་ཞིག་གཏོད་དགོས་པ།  ལས་ཀའི་འགན་འཁྲི་ནན་པོ་དཀྲིས་ནས་སྒྲིག་ལམ་གཅིག་འགྱུར་དང་ཡོངས་ཁྱབ་ཁ་གསལ།  ཞབས་ཞུ་ཕན་ཆེ།  ལྟ་སྐུལ་ཚད་ལྡན་བཅས་ཀྱི་སྟེགས་བུའི་མ་ལག་བེད་སྤྱད་དེ།  དཔལ་འབྱོར་སྤུས་ལེགས་གོང་འཕེལ་དང་སྤྱི་ཚོགས་དྲང་བཞག་བདེན་སྐྱོང་ཡོང་རྒྱུར་ཞབས་ཞུ་སྒྲུབ་དགོས་པ་བཅས་ཀྱི་ནན་གསུངས་གནང་བ་རེད།།

  ༼  རྩོམ་སྒྲིག་ནོར་བུ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]