您没有安装FlashPlayer或版本太低, 请点击获得最新版本FlashPlayer
ཉིན་ཤས་གོང་། གསར་འགོད་པས་ཧུའུ་པེ་ཞིང་ཆེན་བོད་སྐྱོར་ལས་དོན་འཐུས་མི་ཚོགས་པ་དང་ལྷོ་ཁ་གྲོང་ཁྱེར་གྱི་བཞུགས་མོལ་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱས་པར་གཞིགས་ན། ཧུའུ་པེ་ཞིང་ཆེན་གྱིས་ཁ་གཏད་རོགས་སྐྱོར་བྱེད་ཤུགས་སྔར་བས་ཆེ་རུ་བཏང་ནས། ལྷོ་ཁ་གྲོང་ཁྱེར་ཡུན་རིང་བདེ་འཁོད་དང་སྤུས་ལེགས་གོང་འཕེལ་ཡོང་རྒྱུར་རམ་འདེགས་བྱ་རྒྱུ་རེད།
ཧུའུ་པེ་ཞིང་ཆེན་གྱིས་ཚད་གཞི་མཐོ་པོ་དང་སྤུས་ལེགས་ངང་ལོ་ལྔ་ཚན་བཅུ་བཞི་པའི་བོད་སྐྱོར་འཆར་འགོད་བཟོས་ཏེ། དུས་རབས་གསར་པའི་ཧུའུ་པེའི་བོད་སྐྱོར་འགོ་ཡག་པོ་འཛུགས་ཐུབ་པ་བྱ་རྒྱུ་དང་། སྔར་ལས་ལྷག་པའི་སྒོ་ནས་ཐོན་ལས་བོད་སྐྱོར་མངོན་ཆེར་འཛིན་ཏེ་ཧུའུ་པེའི་ཁེ་ལས་དང་ཚོང་པ་ལྷོ་ཁར་ནང་འདྲེན་གྱི་བྱེད་སྒོ་སྤེལ་རྒྱུ་མ་ཟད། ལོ་ལྟར་ཧུའུ་པེའི་ཁེ་ལས་ལྷོ་ཁར་མ་འཇོག་རྟོག་ཞིབ་བྱེད་པར་ཡོང་རྒྱུ་སྒྲིག་འཛུགས་བྱས་ནས། ས་མཐོའི་ཁྱད་ལྡན་ཐོན་ལས་གསར་སྤེལ་གྱི་གྲགས་ཅན་ཁེ་ལས་གཅིག་ནས་གཉིས་བར་ལྷོ་ཁར་ནང་འདྲེན་བྱེད་རྒྱུར་གཞོགས་འདེགས་བྱ་རྒྱུ། དམངས་འཚོའི་བོད་སྐྱོར་བྱེད་ཤུགས་སྔར་བས་ཆེ་རུ་བཏང་ནས་ལྷོ་ཁའི་མི་རིགས་ཁག་གི་མང་ཚོགས་ཀྱི་བདེ་རྩ་དང་འབྲེལ་བའི་སྨན་བཅོས་དང་སློབ་ཞུགས། ལས་ཞུགས་ལས་གཏོད་སོགས་གཙོ་གནད་ལས་དོན་དང་བསྟུན་ནས། སློབ་གསོ་དང་སྨན་བཅོས་ཀྱི་བོད་སྐྱོར་བྱེད་ཤུགས་ཆེ་རུ་བཏང་སྟེ་ལས་ཞུགས་བོད་སྐྱོར་གཏིང་ཟབ་བྱ་རྒྱུ། སྤེལ་རེས་མཉམ་ལས་སྔར་བས་གཏིང་ཟབ་བྱས་ཏེ་བོད་སྐྱོར་ལས་ཀའི་ཁྱབ་ཁོངས་རྒྱུན་མཐུད་ཆེ་རུ་གཏོང་རྒྱུ་དང་། དུས་རབས་གསར་པའི་བང་རིམ་མང་བ་དང་ཁྱོན་ཡོངས་ལ་ཁྱབ་པའི་ཧུའུ་པེའི་བོད་སྐྱོར་ལས་ཀའི་རྣམ་པ་ཡང་ཟབ་ཏུ་གཏོང་རྒྱུ་བཅས་རེད།།