གོང་འཕེལ་དང་བདེ་འཇགས་གཅིག་གྱུར་འཆར་འགོད་རྒྱུན་འཁྱོངས་བྱེད་དགོས།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2020-11-06

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ཉེ་དུས།  མི་དམངས་ཉིན་རེའི་ཚགས་པར་ཐོག་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱེད་རྒྱུའི་སྐོར་གླེང་བའི།  གོང་འཕེལ་དང་བདེ་འཇགས་གཅིག་གྱུར་འཆར་འགོད་རྒྱུན་འཁྱོངས་བྱེད་དགོས་ཞེས་པའི་དཔྱད་གཏམ་པའི་རྩོམ་ཡིག་ཞིག་སྤེལ་ཡོད།
རྩོམ་ཡིག་ནང་།  ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་ཐོག  རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གྱི་ལོ་ལྔ་ཚན་བཅུ་བཞི་པའི་འཆར་འགོད་དང་།  སྤྱི་ལོ ༢༠༣༥ ལོའི་རྒྱང་རིང་དམིགས་ཚད་བཟོ་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་གྲོས་འགོར་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་ཞིང་།  གོང་འཕེལ་དང་བདེ་འཇགས་དབར་གྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱེད་རྒྱུར་སྣང་ཆེན་བྱས་ཏེ།  གཅིག་འགྱུར་འཆར་འགོད་ཐོག་ཆུ་ཚད་དེ་བས་མཐོ་བའི་དུས་བདེའི་ཀྲུང་གོ་བསྐྲུན་རྒྱུའི་ཐད་བླང་བྱ་གསལ་སྟོན་དང་ལས་དོན་བཀོད་སྒྲིག་བྱས་པ་དེས།  རྙོག་འཛིང་ཆེ་བའི་ཁོར་ཡུག་འོག་རང་རྒྱལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་ལ་སྐུལ་འདེད་དེ་བས་ཡག་པོ་གཏོང་རྒྱུར་མཛུབ་ཁྲིད་ཀྱི་དོན་སྙིང་གལ་ཆེན་ལྡན་ཡོད་ཅེས་འཁོད་ཡོད།
རྩོམ་ཡིག་ནང་།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བདེ་འཇགས་ནི་གོང་འཕེལ་གྱི་སྔོན་འགྲོ་དང་གོང་འཕེལ་ནི་བདེ་འཇགས་ཀྱི་འགན་སྲུང་རེད་ཅེས་མཛུབ་སྟོན་གནང་ཡོད།  ང་ཚོས་རྒྱལ་ཁབ་ཀྱི་སྤྱིའི་བདེ་འཇགས་ལྟ་བ་རྒྱུན་འཁྱོངས་བྱས་ནས་རྒྱལ་ཁབ་བདེ་འཇགས་འཐབ་ཇུས་ལག་བསྟར་བྱས་ཏེ།  བདེ་འཇགས་ངང་གོང་འཕེལ་གཏོང་རྒྱུ་དེ་རྒྱལ་ཁབ་གོང་འཕེལ་གྱི་ཁྱབ་ཁོངས་ཁག་དང་བརྒྱུད་རིམ་ཧྲིལ་པོའི་ནང་ཁྱབ་པ་བྱས་ནས།  རང་རྒྱལ་དེང་རབས་ཅན་གྱི་འཕེལ་རིམ་ལ་ཤུགས་རྐྱེན་ཐེབས་པའི་ཉེན་ཁ་སྣ་ཚོགས་འགོག་སེལ་བྱས་ཏེ་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་བཅད་བརྟན་པོ་སྐྲུན་དགོས་པ་དང་།  རྒྱལ་ཁབ་ཀྱི་ཁེ་ཕན་ནི་མཐའ་དག་ལས་ལྷག་པ་རྒྱུན་འཁྱོངས་དང་མི་དམངས་ཀྱི་བདེ་འཇགས་དམིགས་ཡུལ་དུ་འཛིན་པ།  ཆབ་སྲིད་ཀྱི་བདེ་འཇགས་རྩ་བར་འཛིན་པ་བཅས་བྱས་ཏེ།  རྒྱལ་ཁབ་ཀྱི་བདེ་འཇགས་མ་ལག་དང་ནུས་པ་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནས།
 རྒྱལ་ཁབ་ཀྱི་དཔལ་འབྱོར་བདེ་འཇགས་དང་མི་དམངས་ཀྱི་ཚེ་སྲོག་བདེ་འཇགས་འགན་སྲུང་བྱེད་པ་དང་།  སྤྱི་ཚོགས་ཀྱི་བརྟན་ལྷིང་དང་བདེ་འཇགས་སྲུང་སྐྱོང་ཡག་པོ་བྱེད་དགོས།  གོང་འཕེལ་ནི་རང་རྒྱལ་གྱི་གནད་དོན་མཐའ་དག་ཐག་གཅོད་བྱེད་པའི་རྨང་གཞི་དང་འགག་རྩ་ཡིན་པས།  ང་ཚོས་ངེས་པར་དུ་བློ་བརྟན་འགྱུར་མེད་ངང་གོང་འཕེལ་དེ་ཉིད་ཏང་གི་སྲིད་སྐྱོང་རྒྱལ་དར་གྱི་ལས་འགན་ཨང་དང་པོར་བརྩི་བ་དང་།  བློ་བརྟན་འགྱུར་མེད་ངང་གོང་འཕེལ་གྱི་འདུ་ཤེས་གསར་པ་ལག་བསྟར་བྱས་ནས་བརྟན་ཐོག་ཡར་བརྩོན་གྱི་ལས་ཀའི་སྤྱིའི་དགོངས་གཞི་རྒྱུན་འཁྱོངས་བྱས་ཏེ།  སྤུས་ལེགས་གོང་འཕེལ་ལ་སྐུལ་འདེད་གཏོང་རྒྱུས་གཙོ་དོན་བྱས་ནས་རང་རྒྱལ་གྱི་དཔལ་འབྱོར་དངོས་ཤུགས་དང་ཚན་རྩལ་དངོས་ཤུགས།  ཕྱོགས་བསྡུས་རྒྱལ་སྟོབས་བཅས་རྒྱུན་ཆད་མེད་པར་ཆེ་རུ་བཏང་སྟེ།  ཆུ་ཚད་དང་རིམ་པ་དེ་བས་མཐོ་བའི་བདེ་འཇགས་ཆེད་རྨང་གཞི་དེ་བས་བརྟན་པོ་དང་མཐུན་རྐྱེན་སྐྲུན་དགོས་ཞེས་འཁོད་ཡོད།
རྩོམ་ཡིག་ནང་།  ཀྲུང་གོ་གསར་པ་དབུ་བརྙེས་ཚུན་དང་ལྷག་པར་དུ་བསྒྱུར་བཅོས་སྒོ་དབྱེ་བྱས་ཚུན།  རང་རེའི་ཏང་གིས་མི་དམངས་ཀྱི་སྣེ་ཁྲིད་དེ་དཀའ་ངལ་སྣ་ཚོགས་ཁྱད་བསད་དང་འགྲན་སློང་སྣ་ཚོགས་ལ་ཁ་གཏད་བཅག་ནས།  འཛམ་གླིང་ཐོག་མཐོང་དཀོན་པའི་དཔལ་འབྱོར་གོང་འཕེལ་མགྱོགས་པོ་དང་སྤྱི་ཚོགས་ཡུན་རིང་བརྟན་ལྷིང་གི་ངོ་མཚར་བཏོད་ཡོད།  དུས་རབས་གསར་པར་ཡར་བརྩོན་ངང་རྒྱང་སྐྱོད་གསར་པ་འགོ་བཙུགས་ནས།  གོང་འཕེལ་དང་བདེ་འཇགས་གཅིག་འགྱུར་འཆར་འགོད་རྒྱུན་འཁྱོངས་དང་།  གོང་འཕེལ་དང་བདེ་འཇགས་ཡོང་བའི་དོན་ཆེན་གཉིས་ཡག་པོ་སྒྲུབ་ནས།  ཉམས་ཉེན་ཁྲོད་གོ་སྐབས་འཚོལ་བ་དང་འགྱུར་ལྡོག་ཁྲོད་རྣམ་པ་གསར་པ་གཏོད་ཚེ་ང་ཚོས་སྤུས་ཚད་དེ་བས་ལེགས་པ་དང་ལས་ཆོད་དེ་བས་ཆེ་བ།  དེ་བས་གཞུང་དྲང་།  དེ་བས་རྒྱུན་སྲིང་།  དེ་བས་བདེ་འཇགས་བཅས་ཀྱི་གོང་འཕེལ་གཏོང་ཐུབ་པ་དང་།  ངོ་མཚར་ཆེ་མོ་གཉིས་ཀྱི་ལེའུ་གསར་པ་རྒྱུན་ཆད་མེད་པར་གཏོད་ཐུབ་ངེས་རེད་ཅེས་འཁོད་ཡོད།།

  ༼  རྩོམ་སྒྲིག་ཚེ་རིང་གཡུ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]