ནག་ཆུས་སློབ་ཆེན་སློབ་ཐོན་པའི་ལས་ཞུགས་ལས་གཏོད་ལ་སྐུལ་འདེད་ཧུར་ཐག་བཏང་།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2021-01-17

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

སྤྱི་ལོ ༢༠༢༠ ལོ་ནས་བཟུང་ནག་ཆུ་གྲོང་ཁྱེར་གྱིས་རྩ་འཛུགས་འགོ་ཁྲིད་ལ་སྔར་བས་ཤུགས་སྣོན་རྒྱག་པ་དང་ལས་ཀའི་བྱ་ཐབས་སྔར་བས་བཟུང་ཤུགས་ཆེ་རུ་གཏོང་བ།  ལས་ཀའི་འགན་འཁྲི་སྔར་བས་ནན་དུ་གཏོང་བ་བཅས་བྱས་ནས།  ནག་ཆུ་གྲོང་ཁྱེར་གྱི་སློབ་ཆེན་སློབ་ཐོན་པའི་ལས་ཞུགས་ལས་གཏོད་ལ་སྐུལ་འདེད་ཧུར་ཐག་བཏང་བར་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཡོད།
སྤྱི་ལོ ༢༠༢༠ ལོར་ནག་ཆུ་གྲོང་ཁྱེར་གྱིས་སློབ་ཆེན་སློབ་ཐོན་པའི་ལས་ཞུགས་ལས་གཏོད་སྲིད་ཇུས་དང་གཅིག་གཏད་གཅིག་གི་གྲོགས་འགྲིག་རོགས་སྐྱོར་སོགས་ཀྱི་བྱ་ཐབས་དོན་འཁྱོལ་བརྒྱུད།  གྲོང་ཁྱེར་གྱི་དབུལ་སྐྱོར་དྲ་ཐོག་ཚོང་གཉེར་ལྟེ་གནས་དང་རྫོང་༼ ཆུས ༽ཁག་གི་དྲ་ཐོག་ཚོང་གཉེར་ལས་སྟེགས།  ཀུན་གཏོད་དོ་ར་སོགས་ལ་བརྟེན་ནས་སློབ་ཆེན་སློབ་ཐོན་པ ༢༠༧ ལས་ཞུགས་ཐུབ་རྒྱུར་རོགས་རམ་བྱས་ཡོད།

ནག་ཆུ་གྲོང་ཁྱེར་གྱིས་ད་བར་བོད་སྐྱོར་ཞིང་ཆེན༼ གྲོང་ཁྱེར ༽དང་མཐུན་སྦྱོར་བརྒྱུད་སློབ་ཆེན་སློབ་ཐོན་པར་ལས་ཞུགས་ལས་གནས ༤༥༦༣ མཁོ་འདོན་བྱས་པ་དང་།  གྲོང་ཁྱེར་དེའི་སློབ་ཆེན་སློབ་ཐོན་པར་ལས་ཞུགས་ལས་གནས ༥༡༨ མཁོ་འདོན་བྱས་ཡོད་ཅིང་།  སྤྱི་ལོ ༢༠༢༠ ལོའི་ཟླ་བ་དྲུག་པའི་ཟླ་དཀྱིལ་ཚུན་དུ།  སློབ་ཆེན་སློབ་ཐོན་པར་ལས་ཞུགས་ལས་གནས ༡༡༨༥ མཁོ་འདོན་བྱས་པ་དང་སློབ་ཆེན་སློབ་ཐོན་པ ༦༥ ཡིས་དྲ་རྒྱ་བརྒྱུད་ལས་ཞུགས་གྲོས་མཐུན་བཞག་ཡོད།
ནག་ཆུ་གྲོང་ཁྱེར་གྱིས་ད་བར་གྲོང་ཁྱེར་དེ་ཡོངས་སུ་ཀུན་གཏོད་ཞབས་ཞུའི་ལས་སྟེགས ༥ བཏོད་དེ་སློབ་ཆེན་སློབ་ཐོན་པ ༡༨༠ ལས་ཞུགས་ལས་གཏོད་ཐུབ་རྒྱུར་སྐུལ་ཁྲིད་བྱས་ཡོད་པ་དང་།  སློབ་ཆེན་སློབ་ཐོན་པའི་ལྟ་སྦྱོང་རྟེན་གཞིའི་མ་ལག་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་ནས་ལས་ཞུགས་ལྟ་སྦྱོང་རྟེན་གཞི ༡༨ གཏན་འཁེལ་བྱས་པ་དང་ལས་ཞུགས་ལྟ་སྦྱོང་ལས་གནས ༣༨༤ མཁོ་འདོན་བྱས་ཤིང་།  ད་བར་ལས་ཞུགས་ལྟ་སྦྱོང་ཁ་གསབ་སྒོར་ཁྲི་ཚོ ༢༠ དོན་འཁྱོལ་བྱས་ཏེ་སློབ་ཆེན་སློབ་ཐོན་པ ༣༠ ལས་ཞུགས་ཐུབ་རྒྱུར་རོགས་རམ་བྱས་ཡོད།།

  ༼  རྩོམ་སྒྲིག་ཚེ་རིང་གཡུ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]