སྨན་བཅོས་ཤེས་ལྡན་པ༨༤༡གིས་རང་ལྗོངས་ཀྱི་སྨན་བཅོས་འཕྲོད་བསྟེན་བྱ་གཞག་གོང་འཕེལ་འགྲོ་རྒྱུར་རོགས་སྐྱོར་བྱས།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2021-01-17

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

བོད་ཀྱི་ལས་དོན་སྐོར་གྱི་ཀྲུང་དབྱང་གི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པ་ཚོགས་རྗེས་སྨན་བཅོས་ཤེས་ལྡན་པའི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་ལས་དོན་སྤེལ་འགོ་ཚུགས་པ་དང་།  ད་བར་སྨན་བཅོས་ཤེས་ལྡན་པ ༨༤༡ གིས་རང་ལྗོངས་ཀྱི་སྨན་བཅོས་འཕྲོད་བསྟེན་བྱ་གཞག་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་ཆེན་པོ་ཕུལ་ཡོད།
དེ་སྔའི་གཅིག་གཏད་གཅིག་གི་བོད་སྐྱོར་བྱེད་སྟངས་དང་མི་འདྲ་བར།  སྨན་བཅོས་ཤེས་ལྡན་པའི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་གྱིས་གཅིག་བསྡུས་ཐོག་ཆེད་ལས་ལག་རྩལ་ཤེས་ལྡན་པ་མངགས་གཏོང་བྱས་ཏེ།  བོད་ལ་ཕྱོགས་ཡོངས་ནས་རོགས་སྐྱོར་བྱས་པས་བོད་ཀྱི་ཤེས་ལྡན་པ་གསོ་སྐྱོང་བྱེད་པ་དང་བོད་ཀྱི་སྨན་བཅོས་ཞན་ཆ་ཧུར་ཐག་གསབ་ནས་ས་མཐོའི་མང་ཚོགས་ཚོས་སྔར་བས་སྤུས་ལེགས་ཀྱི་སྨན་བཅོས་ཞབས་ཞུ་ལོངས་སྤྱོད་ཐུབ་པ་བྱུང་ཡོད།
སྨན་བཅོས་ཤེས་ལྡན་པའི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་ལས་དོན་སྤེལ་ཚུན།  སྨན་བཅོས་ཚོགས་པ ༧༢༡ གིས་བོད་ཀྱི་སྨན་དོན་པ ༢༠༣༡ ལ་རོགས་ཁྲིད་བྱས་ཡོད་པ་དང་སྨན་བཅོས་རྐང་འཛིན་པ ༤༠༠༠ ཙམ་གསོ་སྐྱོང་བྱས་པ་བརྒྱུད།  རོགས་སྐྱོར་བྱེད་ཡུལ་སྨན་ཁང་གི་སྨན་པ ༡༩༢ ཀྱིས་ནད་གཞི་གཅིག་ནས་གཉིས་བར་ལ་རང་ཚུགས་ངང་གསར་དུ་གཤགས་བཅོས་ཐུབ་ཀྱི་ཡོད་པ་དང་།  ཅུང་ཚབས་ཆེའི་རིགས་ཀྱི་ནད་གཞི ༤༠༠ ལྷག་ཙམ་བོད་ནས་སྨན་བཅོས་ཐུབ་པ་མ་ཟད་ནད་འབྲིང་མང་ཆེ་བ་བོད་ཀྱི་གྲོང་ཁྱེར༼ ས་ཁུལ ༽ཁག་ནས་བཅོས་ཐུབ་ཀྱི་ཡོད།
བོད་སྐྱོར་སྨན་པའི་རོགས་སྐྱོར་འོག་དེང་སྐབས་རང་ལྗོངས་རིམ་ཁག་སྨན་ཁང་གི་ཚན་རིག་ཞིབ་འཇུག་ཆུ་ཚད་མཐོ་རུ་ཕྱིན་ཡོད།  གྲངས་གཞིའི་ཐོག་ནས་མངོན་པར་གཞིགས་ན།  ནང་སའི་སྨན་ཁང་གིས་སྨན་ཁང་ནས་ཚན་ཁག་འགན་གཙང་ལེན་པའི་བྱ་ཐབས་བརྒྱུད་ནང་སའི་སྔོན་ཐོན་ཉམས་མྱོང་དང་ལག་རྩལ་རིགས ༡༠༦༡ བོད་དུ་ཁྱབ་གདལ་བཏང་ཞིང་།  ལག་རྩལ་འགག་གནད ༡༣༠༥ འགག་སྒྲོལ་བྱས་པ་མ་ཟད་ཁུལ་ཁོངས་ཀྱི་སྨན་བཅོས་ལག་རྩལ་སྟོང་ཆ ༡༥༤༡ ཀྱང་གསབ་ཡོད།།

  ༼  རྩོམ་སྒྲིག་ཚེ་རིང་གཡུ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]