བློ་མཐུན་པད་མ་དབང་འདུས་ཀྱི་ལོ་རྒྱུས་མདོར་བསྡུས།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2021-01-18

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

པད་མ་དབང་འདུས།  སྐྱེས་པ།  བོད་རིགས།  སྤྱི་ལོ ༡༩༦༧ ལོའི་ཟླ་གཉིས་པར་སྐྱེས་པ་དང་།  བོད་ལྗོངས་སྨར་ཁམས་བ།  སྤྱི་ལོ ༡༩༩༡ ལོའི་ཟླ་བཅུ་པར་ཀྲུང་གོ་གུང་ཁྲན་ཏང་ནང་ཞུགས་པ་དང་སྤྱི་ལོ ༡༩༨༧ ལོའི་ཟླ་བདུན་པར་ལས་ཀར་ཞུགས་ཤིང་ལས་ཐོག་ཞིབ་འཇུག་སློབ་མའི་ཡོན་ཚད་ལྡན་ཡོད།
སྤྱི་ལོ ༡༩༨༣ ལོའི་ཟླ་དགུ་པ་ནས་སྤྱི་ལོ ༡༩༨༧ ལོའི་ཟླ་བདུན་པའི་བར།  ཧུའུ་པེ་ཞིང་ཆེན་ཆུ་བེད་སློབ་གྲྭར་སྐམ་སའི་ཆུ་དཔྱད་ཆེད་ལས་སློབ་སྦྱོང་གནང་བ་དང་།  སྤྱི་ལོ ༡༩༨༧ ལོའི་ཟླ་བདུན་པ་ནས་སྤྱི་ལོ ༢༠༠༠ ལོའི་ཟླ་བཞི་པའི་བར།  རང་སྐྱོང་ལྗོངས་ཆུ་དཔྱད་སྤྱི་ཁྱབ་ས་ཚིགས་ཆབ་མདོ་ཆུ་དཔྱད་ཆུའི་ཐོན་ཁུངས་རྩད་ཞིབ་རུ་ཆེན་གྱི་ལག་རྩལ་པ་དང་རུ་དཔོན་གཞོན་པ་དང་།  རང་སྐྱོང་ལྗོངས་ཆུ་དཔྱད་སྤྱི་ཁྱབ་ས་ཚིགས་ཡར་འབྲོག་གཡུ་མཚོའི་ཆུ་དཔྱད་ཆུའི་ཐོན་ཁུངས་རྩད་ཞིབ་རུ་ཆེན་གྱི་རུ་དཔོན་རྒན་པ། རང་སྐྱོང་ལྗོངས་ཆུ་དཔྱད་ཆུའི་ཐོན་ཁུངས་རྩད་ཞིབ་ཅུས་ཀྱི་ཅུས་ཀྲང་གཞོན་པ། རང་སྐྱོང་ལྗོངས་ཆུ་བེད་ལག་རྩལ་ཞབས་ཞུ་སྤྱི་ཁྱབ་ས་ཚིགས་ཏང་ཨུད་ཀྱི་ཧྲུའུ་ཅི། རང་སྐྱོང་ལྗོངས་ཆུ་བེད་འཆར་འགོད་རྩད་ཞིབ་ཇུས་འགོད་ཞིབ་འཇུག་ཁང་གི་དབུ་འཛིན་གཞོན་པ་སོགས་ཀྱི་འགན་བཞེས་པ་དང་།  སྤྱི་ལོ ༢༠༠༠ ལོའི་ཟླ་བཞི་པ་ནས་སྤྱི་ལོ ༢༠༡༢ ལོའི་ཟླ་བཞི་པའི་བར།  རང་སྐྱོང་ལྗོངས་ཆུ་བེད་ཐིང་གི་ཐོང་ཀྲང་གཞོན་པ་དང་རང་སྐྱོང་ལྗོངས་ཆུ་བེད་ཐིང་གི་ཐིང་ཀྲང་གི་འགན་བཞེས་པ།  སྤྱི་ལོ ༢༠༡༢ ལོའི་ཟླ་བཞི་པ་ནས་སྤྱི་ལོ ༢༠༡༧ ལོའི་ཟླ་དང་པོའི་བར།  མངའ་རིས་ས་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་སྲིད་འཛིན་ཀུང་ཧྲུའུ་ཡི་ཀྲོན་ཡོན། མངའ་རིས་ས་ཨུད་ཀྱི་ཧྲུའུ་ཅི། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུད། མངའ་རིས་ས་ཨུད་ཀྱི་ཧྲུའུ་ཅི་བཅས་ཀྱི་འགན་བཞེས་པ།  སྤྱི་ལོ ༢༠༡༧ ལོའི་ཟླ་དང་པོ་ནས་སྤྱི་ལོ ༢༠༢༡ ལོའི་ཟླ་དང་པོའི་བར།  རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཨུ་ཡོན་དང་ལྷ་ས་གྲོང་ཨུད་ཀྱི་ཧྲུའུ་ཅིའི་འགན་བཞེས་པ།  སྤྱི་ལོ ༢༠༢༡ ལོའི་ཟླ་དང་པོ་ནས་ད་བར།  རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཨུ་ཡོན་དང་ལྗོངས་སྲིད་གཞུང་ཏང་ཙུའི་ཧྲུའུ་ཅི་གཞོན་པའི་འགན་བཞེས་པ་བཅས་རེད།།

  ༼  རྩོམ་སྒྲིག་ཚེ་རིང་གཡུ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]