ལྗོངས་སྲིད་གྲོས་སྐབས༡༡པའི་ཚོགས་འདུ་ཐེངས༤པའི་གྲ་སྒྲིག་ལས་དོན་ཁག་ཏན་ཏིག་སྤེལ།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2021-01-18

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་བཞི་པ་འཚོག་གྲབས་ཡོད་པ་དང་དེང་སྐབས་ཚོགས་འདུའི་གྲ་སྒྲིག་ལས་དོན་ཁག་ལེགས་སྒྲུབ་ཟིན་པ་རེད།  རང་སྐྱོང་ལྗོངས་སྲིད་གྲོས་ཚོམས་ཆེན་དུ་ཚོགས་ཆེན་གྱི་ཚོགས་ར་དང་རིགས་གྲས་ཁག་གི་གྲོས་བསྡུར་ཚོགས་ར་བཀོད་སྒྲིག་ཟིན་ཡོད།

ཉེ་དུས།  དཔྱད་གཞི་ཚོགས་ཆུང་གིས་ལས་ཀ་འཕར་མ་བྱས་ཏེ་ཡིག་ཆའི་དཔྱད་གཞིའི་གྲ་སྒྲིག་ལས་དོན་སྤེལ་ནས།  ཨུ་ཡོན་བཅའ་སྡོད་ཁུལ་དུ།  གྲོན་ཆུང་བསྲི་ཚགས་དང་སེམས་རྩ་འཁོལ་བའི་སྣེ་ལེན་ལས་དོན་ཡང་གོ་རིམ་ལྡན་པའི་ངང་སྤེལ་བཞིན་ཡོད།  རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་བཞི་པའི་འབྲེལ་གཏུགས་ཚོགས་དོན་ཚོགས་ཆུང་གི་ཙུའུ་ཀྲང་པད་མ་མཚོ་མོ་ནས།  གྲོང་ཁྱེར༼ ས་ཁུལ ༽ཁག་དང་ལྗོངས་ཐད་གཏོགས་ལས་ཁུངས་ཀྱིས་ཁག་སོ་སོར་འབྱོར་ཐོ་འགོད་རྒྱུ་ཡིན་པ་དང་།  དཔྱད་གཞི་ཡང་བོད་རྒྱ་ཡིག་རིགས་གཉིས་ལ་དབྱེ་ཡོད།  ད་རེས་ཀྱི་ཚོགས་འདུ་དེ་རྒྱུན་གཏན་དང་འདྲ་ཡི་མེད་པས་ང་ཚོས་ཀྱང་སྔ་ས་ནས་བཀོད་སྒྲིག་བྱས་ཏེ།  ནད་ཡམས་འགོག་ཟོན་གྱི་བྱ་ཐབས་བཟུང་ཡོད་ཅེས་གསུངས།

ད་ལོའི་ཚོགས་འདུ་གཉིས་ནི།  ནད་ཡམས་འགོག་ཟོན་རྒྱུན་རྣམ་ཅན་གྱི་རྒྱབ་ལྗོངས་འོག་འཚོག་རྒྱུ་ཞིག་ཡིན་པས།  ཏོག་གསར་གློ་ཚད་ནད་ཡམས་འགོག་ཟོན་བྱེད་རྒྱུ་ནི་ཚོགས་འདུའི་གྲ་སྒྲིག་ལས་དོན་གལ་ཆེན་ཞིག་རེད།

རང་སྐྱོང་ལྗོངས་སྲིད་གྲོས་གཞུང་ལས་ཐིང་རྒྱབ་ཕྱོགས་མཁོ་སྒྲུབ་ཞབས་ཞུ་ལྟེ་གནས་ཀྱི་ཀྲུའུ་རེན་བསོད་ནམས་ནོར་བུ་ནས།  ང་ཚོའི་རྒྱབ་ཕྱོགས་མཁོ་སྒྲུབ་འགན་སྲུང་ཚོགས་ཆུང་གིས་ཚོགས་ར་དང་གྲོས་བསྡུར་ཁང་གི་དུག་སེལ་ལས་དོན་དང་།  ཨུ་ཡོན་རྣམ་པ་གནམ་གྲུ་འབབ་ཐང་དང་མེ་འཁོར་འབབ་ཚུགས་ནས་སྐྱེལ་བསུ་བྱེད་པའི་འགན་འཁུར་གྱི་ཡོད།  ནད་ཡམས་འགོག་ཟོན་དངོས་ཟོག་ཕོན་ཆེན་གྲབས་གསོག་བྱས་ཡོད་ལ།  ཚན་པ་ཁག་གི་བཅའ་སྡོད་བྱེད་གནས་དང་ཨུ་ཡོན་བཞུགས་གནས་སུ་ཡང་དུག་སེལ་སྨན་རྫས་བཀོད་སྒྲིག་བྱས་ཡོད་ཅེས་གསུངས།

འཐུས་སྒོ་ཚང་བ་དང་ཞིབ་ཚགས་པའི་ཚོགས་འདུའི་གྲ་སྒྲིག་ལས་ཀར་ཚོགས་ཞུགས་ཨུ་ཡོན་རྣམ་པས་བསྔགས་བརྗོད་གནང་བ་རེད།  ཨུ་ཡོན་རྣམ་རྒྱལ་ནས་ང་ཚོ་གཅིག་གྱུར་ངང་རླངས་འཁོར་བསྡད་ནས་ཡོང་བ་ཡིན།  དེ་གར་ནད་ཡམས་འགོག་ཟོན་ལས་དོན་ཡག་པོ་སྤེལ་འདུག་ལ་ཉིང་སྐྱུར་བརྟག་དཔྱད་ཀྱང་བྱས་བྱུང་ཞེས་གསུངས།།

  ༼  རྩོམ་སྒྲིག་གསལ་དགའ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]