རང་ལྗོངས་ཚོཌ་འདུ་གཉིས་ལ་ཞུགས་མཁན་ཨུ་ཡོན་ཚོ་ལྷ་སར་ཕེབས་འབྱོར་ཟིན།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2021-01-18

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་བཞི་པར་ཞུགས་མཁན་ཨུ་ཡོན་རྣམ་པས།  སྤྱི་ཟླ་དང་པོའི་ཚེས ༡༦ དང་ ༡༧ ཉིན་ཚོགས་ཆེན་ལ་འབྱོར་ཐོ་བཀོད་པ་རེད།  སྤྱི་ཚེས་བཅུ་དྲུག་ཉིན་གྱི་ཐོ་རེངས་ཆུ་ཚོད་ལྔ་དང་ཕྱེད་ཀའི་ཐོག  ཆབ་མདོ་གྲོང་ཁྱེར་གྱི་ཨུ་ཡོན་ཚོས་ཆབ་མདོ་གྲོང་རྡལ་ནས་རྡོག་ཐོན་བྱས་ཏེ་སྤང་མདའ་འབབ་ཐང་དུ་བསྐྱོད་པ་དང་།  ཨུ་ཡོན་ཡུས་ཞི་དབྱིང་ནས་ང་ཚོས་སྤྱི་ལོ ༢༠༢༠ ལོར་ཆབ་མདོ་བཅིངས་འགྲོལ་བཏང་ནས་ལོ ༧༠ འཁོར་བར་རྟེན་འབྲེལ་ཞུ་བའི་བྱེད་སྒོ་ཐུགས་གྲ་ལེགས་འགྲིག་ངང་གཉེར་བ་དང་།  དབུལ་གྲོལ་འགག་སྒྲོལ་གྱི་དམིགས་ཚད་དུས་བཀག་ལྟར་བསྒྲུབས་ཐོག  རྒྱལ་ཡོངས་ཀྱི་སྐྱེ་ཁམས་ཤེས་དཔལ་དཔེ་སྟོན་གྲོང་ཁྱེར་དང་རྒྱལ་ཁབ་ཀྱི་འཕྲོད་བསྟེན་གྲོང་ཁྱེར།  རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གཏོད་པའི་དཔེ་སྟོན་གྲོང་ཁྱེར་བཅས་བཏོད་ཡོད།  ཆབ་མདོ་བ་ཞིག་ཡིན་པའི་ངོས་ནས་ང་ལ་སྤོབས་སེམས་ཆེན་པོ་སྐྱེ་ཡི་འདུག་ལ།  སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་རྒྱང་སྐྱོད་ལམ་བུ་གསར་པ་ཞིག་སྒོ་ཀུན་ནས་གཏོད་རྒྱུའི་རེ་སྒུག་ཀྱང་བྱེད་ཀྱི་ཡོད་ཅེས་གསུངས།

མངའ་རིས་ས་ཁུལ་གྱི་ཨུ་ཡོན་ཚོ་ཡང་གནམ་གྲུར་བཞུགས་ཏེ་ཚོགས་འདུར་ཕེབས་ཡོད།  ཨུ་ཡོན་ཕུར་བུ་ཆོས་བཟང་ནས་ལོ་དེ་དག་གི་འགན་སྒྲུབ་ནང་རིག་དངོས་ཡོངས་ཁྱབ་ཞིབ་བཤེར་གྱི་ལས་དོན་དང་ཟུང་འབྲེལ་གནང་སྟེ་མངའ་རིས་ཀྱི་ས་ཆ་ཁག་ཏུ་བསྐྱོད་ནས།  ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པ་དང་དབུལ་གྲོལ་འགག་སྒྲོལ་ལ་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པའི་ཁྲོད་ཀྱི་འཕོ་འགྱུར་ཆེན་པོའི་དཔང་པོ་གནང་བ་རེད།  ཕུར་བུ་ཆོས་བཟང་གིས་ད་ཆ་རྫོང་དང་ཤང་ཁག་ཚང་མར་སྣུམ་ནག་ལམ་ཡོད་པ་མ་ཟད།  མཐའ་མཚམས་ཀྱི་རྫོང་མང་པོ་ཞིག་ལ་ཡང་ཨར་འདམ་ལམ་ཡོད་པས།  ཞིང་འབྲོག་ཁྱིམ་ཚང་མང་པོ་ཞིག་གིས་རླངས་འཁོར་དང་སྦག་སྦག་སོགས་ཉོས་ཡོད་ཅེས་གསུངས།

འབྱོར་ཐོ་འགོད་ཡུལ་དུ་ཨུ་ཡོན་ཁག་ཅིག་གིས་ཚོགས་འདུའི་དཔྱད་ཡིག་ལྟ་ཀློག་བྱེད་པ་དང་ཁག་ཅིག་གིས་ཕན་ཚུན་སྤེལ་རེས་བྱེད་ཀྱི་ཡོད།  འདས་ཟིན་པའི་ལོ་གཅིག་རིང་གི་འགྱུར་ལྡོག་དང་།  ལོ་ལྔ་ཚན་བཅུ་བཞི་པའི་འབྱུང་འགྱུར་གྱི་འཆར་འགོད།  རང་རང་སོ་སོའི་གྲོས་གཞི་བཅས་བརྒྱུད་ཚང་མས་སྲིད་ཞུགས་སྲིད་གླེང་ཧུར་ཐག་གནང་རྒྱུ་དེ་རེད།  སྲིད་གྲོས་ཀྱི་ཨུ་ཡོན་རྣམ་རྒྱལ་ནསཞིང་འབྲོག་པའི་ཕྱུག་འགྱུར་སྣེ་ཁྲིད་པ་ཞིག་ཡིན་པའི་ངོས་ནས།  ད་ལོ་ངས་ཚོགས་འདུའི་ཐོག་མི་རིགས་ལག་ཤེས་བཟོ་ལས་འཕེལ་རྒྱས་དང་སྟོབས་ཆེར་བཏང་ནས།  ལོ་ལྔ་ཚན་བཅུ་བཞི་པའི་རིང་གྲོང་མི་ཚོའི་སྣེ་ཁྲིད་དེ་འབྱོར་འབྲིང་ཕྱོགས་སུ་སྐྱོད་ཐུབ་པ་བྱེད་རྒྱུའི་སྐོར་གྱི་གྲོས་གཞི་འབུལ་རྩིས་ཡོད་ཅེས་གསུངས།

རང་སྐྱོང་ལྗོངས་ཀྱི་ཚོགས་འདུ་གཉིས་ལ་ཞུགས་མཁན་ཨུ་ཡོན་རྣམ་པས།  སྤྱི་ཚེས ༡༧ ཉིན་གྱི་ཕྱི་དྲོའི་ཆུ་ཚོད་དྲུག་པར་ཚོགས་ཆེན་ལ་འབྱོར་ཐོ་བཀོད་ཟིན་པ་རེད།  ཚང་མས་སྙིང་སྟོབས་རབ་འཕེལ་དང་འགན་འཁྲི་ནན་འཁུར་གྱིས་ཚོགས་འདུ་ཡག་པོ་ཚོགས་ཏེ་རང་འགན་གཙང་སྒྲུབ་བྱེད་རྒྱུ་ཡིན་ཞེས་གསུངས་པ་རེད།  སྲིད་གྲོས་ཀྱི་ཨུ་ཡོན་བཀྲ་ཤིས་བསམ་གྲུབ་ནསཏང་དང་སྲིད་གཞུང་དང་མང་ཚོགས་དབར་གྱི་སྦྲེལ་ཟམ་གྱི་ནུས་པ་འདོན་སྤེལ་ཡག་པོ་བྱས་ནས།  ཚོགས་འདུའི་དགོངས་དོན་སློབ་སྦྱོང་ཡག་པོ་བྱེད་པ་དང་མང་ཚོགས་ཀྱི་བསམ་འདུན་ཡར་ཞུ་བྱེད་རྒྱུ་ཡིན་ཞེས་གསུངས།  སྲིད་གྲོས་ཀྱི་ཨུ་ཡོན་ཟླ་བ་བཟང་མོ་ནས་ད་ལོ་ནི་ཏང་དབུ་བརྙེས་ནས་ལོ་ངོ་ ༡༠༠ འཁོར་བ་དང་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་ ༧༠ འཁོར་བའི་ལོ་ཞིག་ཡིན་ལ།  ལོ་ལྔ་ཚན་བཅུ་བཞི་པའི་འཆར་འགོད་ཀྱི་འགོ་ཚུགས་ལོ་ཞིག་ཀྱང་ཡིན་པས།  ཚོགས་འདུའི་ཐོག་རང་འགན་གཙང་སྒྲུབ་ངང་གྲོས་འགོ་དང་ཐབས་ཇུས་ཧུར་ཐག་འདོན་རྒྱུ་ཡིན་ཞེས་གསུངས།།

  ༼  རྩོམ་སྒྲིག་གསལ་དགའ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]