ལོ་བདུན་ཅུའི་རིང་རང་ལྗོངས་ཀྱི་གནམ་གཤིས་བྱ་གཞག་གོང་འཕེལ་གྱི་རྟ་པོར་བཞོན།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2021-07-29

རང་སྐྱོང་ལྗོངས་སྲིད་གཞུང་གསར་འགྱུར་གཞུང་ལས་ཁང་གིས་སྤྱི་ཟླ་བདུན་པའི་ཚེས ༢༧ ཉིན་གྱི་གསར་འགྱུར་འགྲེམས་བསྒྲགས་ཚོགས་འདུའི་ཐོག  བོད་ཞི་བས་བཅིངས་འགྲོལ་བཏང་ཚུན་ལོ་བདུན་ཅུའི་རིང་གི་གནམ་གཤིས་བྱ་གཞག་གི་གོང་འཕེལ་གྲུབ་འབྲས་དང་།  ལོ་ལྔ་ཚན་བཅུ་བཞི་པའི་འགོ་འཛུགས་ཚུལ་ངོ་སྤྲོད་བྱས་ཡོད།  རང་ལྗོངས་འདི་ཉིད་མཚོ་བོད་ས་མཐོའི་གཙོ་རྐང་ཡིན་པའི་ངོས་ནས་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་བཅད་དང་སྐྱེ་ཁམས་བདེ་འཇགས་སྲུང་གལ་ཆེན་ཞིག་དང་།  རང་རྒྱལ་གྱི་གཙང་པོ་དང་ཆུ་བོ་ཆེན་པོ་ཁག་གི་ཆུ་མགོའི་ཁུལ་ཞིག་རེད་ལ།  ཨེ་ཤི་ཡ་གླིང་ཙམ་མ་ཟད་ས་གོ་ལའི་བྱང་ཕྱེད་ཀྱི་གནམ་གཤིས་འགྱུར་བའི་སྙོམས་སྒྲིག་ཡོ་ཆས་ལྟ་བུ་དང་།  གོ་ལ་ཧྲིལ་པོའི་གནམ་གཤིས་འགྱུར་ལྡོག་གི་ཚོར་སྣང་སྐྱེན་ཤོས་ཁུལ་གྲས་ཤིག་ཀྱང་ཡིན་པས།  གནམ་གཤིས་ལས་དོན་ཁྲོད་དམིགས་བསལ་གྱི་གནས་འབབ་གལ་ཆེན་བཟུང་ཡོད།

བོད་ཞི་བས་བཅིངས་འགྲོལ་བཏང་ཚུན།  རང་ལྗོངས་ཀྱི་གནམ་གཤིས་བྱ་གཞག་ཐོག་མཐའ་བར་གསུམ་དུ་དེང་རབས་ཅན་གྱི་གོང་འཕེལ་གཙོ་རྐང་རྒྱུན་འཁྱོངས་བྱས་པས།  གནམ་གཤིས་ལྟ་ཞིབ་ཚད་ལེན་ནུས་པ་ཆེ་རུ་ཤུགས་ཆེ་ཕྱིན་པ་དང་།  གནོད་འཚེ་འགོག་སེལ་དང་གནམ་གཤིས་སྔོན་བརྡའི་མ་ལག་ཕྱོགས་ཡོངས་ནས་བཏོད་པས་གནམ་གཤིས་འགན་སྲུང་ནུས་པ་ཕྱོགས་ཡོངས་ནས་ཆེ་རུ་ཕྱིན་ཡོད།  ངོ་སྤྲོད་བྱས་པར་གཞིགས་ན།  ལོ་མང་རིང་གནམ་གཤིས་ཞབས་ཞུས་བོད་ཀྱི་དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་དང་ཡུན་རིང་བདེ་འཁོད་ལ་འགན་སྲུང་གི་ནུས་པ་དང་ཆུ་ཚད་མངོན་གསལ་དོད་པོས་མཐོ་རུ་ཕྱིན་ཏེ།  གྲུབ་ཆ་ཆ་ཚང་བ་དང་བྱེད་ནུས་སྔོན་ཐོན་ཡིན་པ།  བཀོད་སྒྲིག་ལུགས་དང་མཐུན་པ།  དགོས་མཁོ་དང་འཚམས་པ་བཅས་ཀྱི་བོད་ཀྱི་གནམ་གཤིས་ལས་དོན་ཐད་དེང་རབས་ཅན་གྱི་མ་ལག་ཅིག་རགས་ཙམ་བཏོད་ཡོད།

ལོ་བདུན་ཅུའི་ནང་།  བོད་ཀྱི་གནམ་གཤིས་བྱ་གཞག་དེ་མེད་པ་ནས་ཡོད་པའི་བར་དང་ཆུང་བ་ནས་ཆེ་བའི་བར།  ཉམས་ཞན་ནས་སྟོབས་ཆེའི་བར་བཅས་ཀྱི་ལོ་རྒྱུས་རང་བཞིན་གྱི་མཆོང་སྐྱོད་བྱུང་ཡོད་ཅིང་།  གོམ་སྟབས་རྗེས་མར།  གནམ་གཤིས་བྱ་གཞག་སྤུས་དག་གོང་འཕེལ་ལ་སྐུལ་འདེད་ཟམ་མི་ཆད་པ་གཏོང་བ་དང་།  རང་སྐྱོང་ལྗོངས་ཀྱི་གོང་འཕེལ་འཐབ་ཇུས་གལ་ཆེན་གྱི་དགོས་མཁོ་དང་སྦྲེལ་མཐུད་ཧུར་ཐག་བྱས་ཏེ།  བོད་ལྗོངས་ས་མཐོའི་གནམ་གཤིས་ཀྱི་ཐེག་ནུས་དཔྱད་དཔོག་དང་སྔོན་བརྡའི་ནུས་པ་སྔར་བས་ཆེ་རུ་གཏོང་རྒྱུའི་ཐད་ཞིབ་འཇུག་བྱ་རྒྱུ་རེད།

ཤེས་རྟོགས་བྱས་པར་གཞིགས་ན།  ལོ་ལྔ་ཚན་བཅུ་བཞི་པའི་རིང་།  བོད་ཀྱི་གནམ་གཤིས་ལས་ཀས་དུས་དང་རྣམ་པ་ཀུན་ཏུ་ལྟ་ཞིབ་ཞིབ་ཚགས་དང་སྔོན་བརྡ་གནད་འཕིགས།  ཞབས་ཞུ་ཚགས་ཚུད་བཅས་ལ་ཚད་བསྡུར་བྱས་ནས་ཆུ་ཚད་མཐོ་བའི་གནམ་གཤིས་ལས་དོན་དེང་རབས་ཅན་ལ་སྐུལ་འདེད་གཏོང་རྒྱུ་དང་།  བོད་ཀྱི་བརྟན་ལྷིང་དང་གོང་འཕེལ།  སྐྱེ་ཁམས།  མཐའ་མཚམས་སྟོབས་ཆེ་བཅས་ཀྱི་དོན་ཆེན་བཞིར་འགན་སྲུང་བྱེད་པའི་གནམ་གཤིས་ཀྱི་ཞབས་ཞུའི་ནུས་པ་ཆེ་རུ་གཏོང་རྒྱུ་བཅས་རེད།།

  ༼  རྩོམ་སྒྲིག་ངག་དབང་། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]