སྤྱི་ཁྱབ་ཧྲུའུ་ཅིའི་བཀའ་སློབ་ནམ་ཡང་སེམས་ལ་ངེས།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2021-07-29

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་དུ་རྟོག་ཞིབ་ཁྲོད་གནང་བའི་གསུང་བཤད་དང་བཀའ་སློབ་གལ་ཆེན་རྣམས་བོད་ལྗོངས་མི་རིགས་ཁག་གི་མང་ཚོགས་ཀྱི་སེམས་ལ་ཟུག་པོ་བྱུང་ཡོད།  ལྗོངས་ཡོངས་མི་རིགས་ཁག་གི་ལས་བྱེད་མང་ཚོགས་ཚོས་སྤྱི་ཁྱབ་ཧྲུའུ་ཅིའི་བཀའ་མངགས་ཟབ་མོ་བློ་ལ་བརྟན་པོར་འཆང་བ་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ།  བརྟན་ལྷིང་དང་གོང་འཕེལ།  སྐྱེ་ཁམས།  མཐའ་མཚམས་སྟོབས་ཆེ་བཅས་ཀྱི་དོན་ཆེར་བཞིར་དམ་འཛིན་ཡག་པོ་བཅས་བྱས་ནས་གངས་ལྗོངས་ས་མཐོ་ཡུན་རིང་བདེ་འཁོད་དང་སྤུས་དག་གོང་འཕེལ་གྱི་ལེའུ་གསར་པ་རྩོམ་རྒྱུ་རེད།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཕོ་བྲང་པོ་ཏ་ལའི་ཐང་ཆེན་ཐོག་གནང་བའི་གསུང་བཤད་དེ་བོད་ལྗོངས་མི་རིགས་ཁག་གི་མང་ཚོགས་ཀྱི་སེམས་ལ་ཟུག་པོ་བྱུང་ཡོད།  ཀྲུང་གོ་གུང་ཁྲན་ཏང་མེད་ཚེ་ཀྲུང་གོ་གསར་པ་མེད་ལ་བོད་ལྗོངས་གསར་པ་ཡང་མེད་པ་དང་།  བོད་ཀྱི་ལས་དོན་སྐོར་གྱི་ཏང་ཀྲུང་དབྱང་གི་མཛད་ཕྱོགས་སྲིད་ཇུས་ནི་ཡོངས་སུ་ནས་ཡང་དག་པ་ཞིག་ཡིན་པ་ལག་ལེན་ཐོག་ནས་ར་སྤྲོད་བྱུང་ཡོད།  ད་ཆའི་བོད་ལྗོངས་འདི་ཉིད་ཞི་མཐུན་བདེ་འཁོད་དང་ཐོན་ལེགས་དམངས་ཕྱུག་ངང་རི་བོ་སྟོང་གི་ཡང་རྩེ་དང་ཆུ་མོ་ཁྲི་ཡི་ཆུ་མགོར་འགྱིང་ངེར་གནས་ཡོད།  སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་ཀྱིས་རླབས་ཆེའི་གྲུབ་འབྲས་ལ་ཚད་མཐོའི་ཁས་ལེན་གནང་ཡོད་ལ་འབྱུང་འགྱུར་གྱི་གོང་འཕེལ་གཏོང་ཕྱོགས་ཀྱང་གསལ་སྟོན་གནང་ཡོད།

ལྷ་ས་གྲོང་ཁྱེར་ཁྲོམ་གཟིགས་སྒང་སྡེ་ཁུལ་གྱི་གྲོང་མི་ཀྲའུ་ཞོལ་ལན་ནས།  སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་དེ་མི་སེམས་ལ་སྐུལ་མ་ཐེབས་པ་ཞིག་འདུག  ང་ཚོས་ཀྲུང་གོ་གུང་ཁྲན་ཏང་གི་རྗེས་སུ་འབྲངས་བ་དང་བློ་བརྟན་འགྱུར་མེད་ངང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་བུའི་ཐོག་བསྐྱོད་དེ།  འཕྱར་བ་གྲུ་འདེགས་ངང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་བརྒྱབ་ཚེ་ཀྲུང་ཧྭ་མི་རིགས་རླབས་ཆེའི་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཐུབ་ངེས་ཡིན་ཞེས་བཤད།
སྤྱི་ཁྱབ་ཧྲུའུ་ཅིས་བོད་ཀྱི་ལས་ཀའི་དུས་མཚམས་རང་བཞིན་གྱི་ཁྱད་ཆོས་ལ་སྟངས་འཛིན་ཡང་དག་བྱས་ཏེ།  མང་ཚོགས་ལས་དོན་ཡག་པོ་སྒྲུབ་པ་དང་སྤྱི་ཚོགས་བཅོས་སྐྱོང་ཆུ་ཚད་མཐོ་རུ་བཏང་སྟེ།  རྒྱལ་ཁབ་བདེ་འཇགས་དང་སྤྱི་ཚོགས་བརྟན་ལྷིང་།  མི་དམངས་བདེ་སྐྱིད་བཅས་ཡོང་བ་བྱེད་དགོས་ཞེས་ནན་གསུངས་གནང་ཡོད།  སྤྱི་ཁྱབ་ཧྲུའུ་ཅིའི་བཀའ་སློབ་གལ་ཆེན་དེ་འཕྲལ་དུ་རང་ལྗོངས་མི་རིགས་ཁག་གི་ལས་བྱེད་མང་ཚོགས་ཀྱི་དོན་དངོས་བྱ་སྤྱོད་ལ་གྱུར་ཡོད།  ལྷོ་ཁ་གྲོང་ཁྱེར་གྲ་ནང་རྫོང་སྤྱི་བདེ་ཅུད་ཀྱི་ཉེན་རྟོག་པ་ཧོང་ཀའོ་ཧྥེ་ནས།  ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་པར་ནན་པོར་གཞིགས་ཏེ།  བློ་གཅིག་སེམས་གཅིག་ངང་མི་དམངས་ལ་ཞབས་ཞུ་སྒྲུབ་ནས།  རྒྱལ་ཁབ་བདེ་འཇགས་དང་སྤྱི་ཚོགས་བརྟན་ལྷིང་།  མི་དམངས་བདེ་སྐྱིད་བཅས་ཡོང་ཆེད་རང་ནུས་གང་ཡོད་འདོན་རྒྱུ་ཡིན་ཞེས་བཤད།
རང་ལྗོངས་སྤུས་དག་གོང་འཕེལ་ཡོང་རྒྱུར་སྐུལ་འདེད་གཏོང་རྒྱུའི་ཐད།  སྤྱི་ཁྱབ་ཧྲུའུ་ཅིས་གོང་འཕེལ་མཐའ་དག་ལ་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དོན་སྙིང་ལྡན་པ་དང་།  དམངས་འཚོ་ལེགས་བཅོས་དང་མི་སེམས་གཅིག་སྒྲིལ་གྱི་དོན་སྙིང་ལྡན་པ།  མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་སྐྱིད་སྣང་།  བདེ་སྣང་བཅས་ཆེ་རུ་གཏོང་རྒྱུར་ཕན་པ་བཅས་ལྡན་པ་གསུམ་གྱི་རྩ་དོན་གསལ་བཏོན་གནང་བ་དེས་བོད་ཀྱི་གོང་འཕེལ་ལ་ཁ་ཕྱོགས་གསལ་སྟོན་གནང་ཡོད།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་དེ་སྙིང་ཉེ་བ་དང་མི་སེམས་དྲོད་མོར་གྱུར་བ།  གདེང་ཚོད་འཕེལ་བ་བཅས་ཡོད་པ་དང་།  ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པའི་ཐོག་བོད་ལྗོངས་མི་རིགས་ཁག་གི་མང་ཚོགས་ཚོས་སྤྱི་ཁྱབ་ཧྲུའུ་ཅིའི་བཀའ་མངགས་ཟབ་མོ་བློ་ལ་བརྟན་པོར་འཆང་བ་དང་།  ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་རླབས་ཆེའི་དར་ཆ་མཐོན་པོར་བསྒྲེང་བ།  དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཕྱོགས་ཡོངས་ནས་ལག་ལེན་བསྟར་བ་བཅས་བྱས་ཐོག  བརྟན་ལྷིང་དང་གོང་འཕེལ།  སྐྱེ་ཁམས།  མཐའ་མཚམས་སྟོབས་ཆེ་བཅས་ཀྱི་དོན་ཆེན་བཞིར་དམ་འཛིན་ཡག་པོ་བྱས་ཏེ།  གངས་ལྗོངས་ས་མཐོ་ཡུན་རིང་བདེ་འཁོད་དང་སྤུས་དག་གོང་འཕེལ་གྱི་ལེའུ་གསར་པ་ཧུར་ཐག་རྩོམ་རྒྱུ་རེད།།

  ༼  རྩོམ་སྒྲིག་སྟོབས་ཆེན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]