རྒྱལ་ཡོངས་རྡོ་ཐ་ལས་རིགས་ཀྱིས་བོད་སྐྱོར་ལས་དོན་ཧུར་ཐག་སྤེལ།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2021-07-30

རྒྱལ་ཡོངས་རྡོ་ཐ་ལས་རིགས་ཀྱི་བོད་སྐྱོར་ལས་ཀའི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པ་ལྷ་སར་འཚོགས་པ་དང་།  ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷ་དང་རྒྱལ་ཁབ་རྡོ་ཐ་ཆེད་ཚོང་ཅུད་ཏང་ཙུའི་ཧྲུའུ་ཅི། ཅུད་ཀྲང་། ཀྲུང་གོ་རྡོ་ཐ་སྤྱི་ཁྱབ་ཀུང་སིའི་སྤྱི་ཁྱབ་སྤྱི་གཉེར་ཀྲང་ཅན་མིང་རྣམ་གཉིས་ཀྱིས་གསུང་བཤད་གནང་བ་དང་།  རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་འཇམ་དཔལ་དང་རྒྱལ་ཁབ་རྡོ་ཐ་ཆེད་ཚོང་ཅུད་ཀྱི་ཅུད་ཀྲང་གཞོན་པ་ཞུལ་ཡིང་རྣམ་གཉིས་ཀྱིས་ཕྱོགས་གཉིས་པོའི་ཚབ་ཞུས་ནས་ཞལ་འདེབས་གྲོས་མཐུན་ལ་མཚན་རྟགས་བཀོད་གནང་བ་རེད།
ཆེ་དགྲ་ལྷ་ནས་རྒྱལ་ཡོངས་རྡོ་ཐ་ལས་རིགས་ཀྱི་བོད་སྐྱོར་ལས་ཀའི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པ་འཚོགས་ཚུན།  རྒྱལ་ཁབ་རྡོ་ཐ་ཆེད་ཚོང་ཅུད་ཀྱིས་ལས་རིགས་ཡོངས་ཀྱི་སྟོབས་ཤུགས་གཅིག་སྒྲིལ་ངང་རོགས་སྐྱོར་བྱེད་ཤུགས་ཆེ་རུ་བཏང་སྟབས་བོད་སྐྱོར་ལས་ཀར་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཡོད།  རྒྱལ་ཁབ་རྡོ་ཐ་ཆེད་ཚོང་ཅུད་ཀྱིས་ལས་རིགས་ཀྱི་ལེགས་ཆ་བཏོན་ནས་དབུལ་སྐྱོར་ཐོན་རྫས་ཕྱིར་ཚོང་བྱེད་པ་དང་།  ས་གོ་ལའི་གླིང་སྣེ་གསུམ་པའི་སྤུས་རྟགས་གཏོད་པ།  དབུལ་གྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་རྒྱ་སྐྱེད་གཏོང་རྒྱུ་དེ་གྲོང་གསེབ་དར་རྒྱས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་རྒྱུ་དང་སྦྲེལ་མཐུད་ནུས་ལྡན་བྱེད་པ་སོགས་ཐད་རྒྱབ་སྐྱོར་དེ་བས་ཆེ་བ་བྱེད་རྒྱུའི་ཐུགས་རེ་གནང་བ་རེད།

ཀྲང་ཅན་མིང་ནས་རྒྱལ་ཡོངས་རྡོ་ཐ་ལས་རིགས་ཀྱིས་ཏང་ཀྲུང་དབྱང་གི་མཛད་ཇུས་བཀོད་སྒྲིག་ཐོག་བསམ་སྦྱོར་གཅིག་མཐུན་ཡོང་བ་བྱས་ཏེ།  བརྩེ་བ་ཟབ་མོ་དང་ནུས་ཤུགས་གང་ཡོད་ཀྱིས་བོད་སྐྱོར་ལས་དོན་ཧུར་ཐག་སྒྲུབ་ནས་བོད་སྐྱོར་ལས་ཀར་གྲུབ་འབྲས་དེ་བས་ཆེ་བ་ཐོབ་པ་བྱེད་དགོས་པའི་བླང་བྱ་བཏོན་གནང་བ་རེད།།


  ༼  རྩོམ་སྒྲིག་སྟོབས་ཆེན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]