གངས་ལྗོངས་ཀུན་གླེང་།
གངས་ལྗོངས་ཀུན་གླེང་ཞེས་པའི་ལི་ཚན་འདི་ནི་ཕྱོགས་བསྡུས་རང་བཞིན་གྱི་ཆེད་སྒྲིག་ལེ་ཚན་ཞིག་ཡིན་པ་དང་།  ལེ་ཚན་འདིའི་ནང་བོད་ཀྱི་དཔལ་འབྱོར་གོང་འཕེལ་དང་སྤྱི་ཚོགས་ཡར་ཐོན་གྱི་རྣམ་པ་བཟང་པོ་མངོན་ཐུབ་པ་བྱེད་རྒྱུ་དམིགས་ཡུལ་དུ་འཛིན་པ་དང་།  བོད་ཀྱི་རྒྱ་ཆེའི་ཞིང་འབྲོག་ཁུག་དུ་སྐྱོད་དེ་ཞིང་འབྲོག་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་འཕོ་འགྱུར་པར་ལེན་བྱེད་རྒྱུ་ནང་དོན་གཙོ་བོར་འཛིན་ནས།  ཞིང་འབྲོག་ཁུལ་དང་ཞིང་འབྲོག་མང་ཚོགས།  ཞིང་འབྲོག་ལས་བཅས་ཀྱི་གནས་སྟངས་མངོན་པར་བྱེད་པ་དང་ཆབས་ཅིག  བོད་ཀྱི་རང་བྱུང་མཛེས་ལྗོངས་དང་རིག་གནས་ལོ་རྒྱུས་ཀྱི་གནའ་ཤུལ་སོགས་པར་ལེན་བྱས་ཐོག་རྒྱ་ཆེའི་བོད་རིགས་མང་ཚོགས་ཚོའི་བློ་ཁ་རླབས་ཆེན་གྱི་མེས་རྒྱལ་ལ་ཕྱོགས་པ་མ་ཟད།  བོད་ལྗོངས་ལ་དགའ་ཞེན་དང་ཕ་ཡུལ་འཛུགས་སྐྲན་བྱེད་པའི་གླེང་ཕྱོགས་ཀྱི་ཁོར་ཡུག་བཟང་པོ་ཞིག་གཏོད་ཐབས་བྱེད་ཀྱི་ཡོད།།