ལོ་གསར་པ་ཤར་ཚུན་གྱི་སྤྱི་ལོའི་ལོ་གསར་དང་དཔྱིད་གསར་དུས་ཆེན། བོད་ཀྱི་ལོ་གསར་བཅས་དུས་ཆེན་ཆེ་མོ་གསུམ་རིང་། ལྗོངས་ཡོངས་ཀྱི་ཚན་པ་ཁག་དང་རྫོང་༼ཆུས༽བཅས་ཀྱི་རིག་གནས་ཚན་པ་ཁག་གིས་རིག་གནས་དམངས་ཕན་གཤམ་སྤེལ་ལས་དོན་གཏིང་ཟབ་སྤེལ་བཞིན་ཡོད། ལྷོ་ཁ་གྲོང་ཁྱེར་གྱིས་ཀྱང་རིག་གནས་གཤམ་སྤེལ་བྱེད་སྒོ་གཏིང་ཟབ་སྤེལ་ནས་མི་རིགས་ཁག་གི་མི་དམངས་ལ་ཏང་གིས་བྱམས་སྐྱོང་གནང་ལུགས་གང་ལེགས་མཚོན་པར་བྱས་པ་དང་། རིག་གནས་གོང་འཕེལ་གྱི་གྲུབ་འབྲས་ལས་ཁྱིམ་ཚང་ཁྲི་སྟོང་མང་པོར་ཕན་པ་ཐོབ་པར་བྱས་པ་རེད། ད་བར་གྲོང་ཁྱེར་དེ་ཡོངས་ཀྱི་རིམ་ཁག་རིག་རྩལ་ཚོགས་པས་རིག་རྩལ་གཤམ་སྤེལ་གྱི་འཁྲབ་སྟོན་ཐེངས ༡༥༤ བྱས་པར་ལྟད་མོ་ལྟ་མཁན་མང་ཚོགས་མི་ཐེངས་ཁྲི་ཚོ ༡༡ ཟིན་པ་དང་། འཁྲབ་སྟོན་བྱེད་སྒོ་ད་དུང་སྔར་བཞིན་ཚ་ཚ་འུར་འུར་ངང་སྤེལ་བཞིན་ཡོད།།