རང་རྒྱལ་གྱིས་ལོ་གསུམ་རིང་སྒོར་དུང་ཕྱུར་ཁྲི༡.༢༩བཏང་ནས་ཆུ་བེད་ལས་གྲྭ་གལ་ཆེན༡༥༠སྐྲུན་རྒྱུ།

ཡོང་ཁུངས།   བོད་ལྗོངས་གསར་འགྱུར་དྲ་བ།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2020-07-20

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ཉེ་དུས།  གསར་འགོད་པར་རྒྱལ་སྲིད་སྤྱི་ཁྱབ་ཁང་སྲིད་ཇུས་ཀྱི་འཆར་ཅན་བརྡ་གཏོང་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར་གཞིགས་ན།  རང་རྒྱལ་གྱིས་སྤྱི་ལོ ༢༠༢༠ ལོ་ནས་སྤྱི་ལོ ༢༠༢༢ ལོ་བར་ཆུ་བེད་ལས་གྲྭ་གལ་ཆེན ༡༥༠ འཛུགས་སྐྲུན་ལ་གཙོ་གནད་ཐོག་སྐུལ་འདེད་གཏོང་རྒྱུ་ཡིན་པ་དང་།  དེའི་ཁྲོད་གཙོ་བོ་འབྲུབ་འགོག་དང་ཆུའི་ཐོན་ཁུངས་བཀོད་སྒྲིག་ལུགས་མཐུན།  ཆུ་འདྲེན་གྱི་ཆུ་གྲོན་ཆུང་དང་ཆུ་མཁོ་འདོན།  ཆུའི་སྣོད་བཅུད་སྲུང་སྐྱོང་སླར་གསོ།  རིག་ལྡན་ཆུ་བེད་བཅས་རིགས་ཆེ་གྲས་ལྔ་ཚུད་ཡོད་པ་དང་།  ཁྱོན་སྒོར་དུང་ཕྱུར་ཁྲི ༡.༢༩ བཏང་ཡོད།
ལས་གྲྭ་འཛུགས་སྐྲུན་བྱས་རྗེས་སྔོན་དཔགས་ལྟར་ན།  འབྲུབ་འགོག་མཛོད་ཀྱི་ཤོང་ཚད་སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར ༩༠ ཙམ་ཆེ་རུ་འགྲོ་རྒྱུ་དང་།  ཡུར་བུའི་རིང་ཚད་སྤྱི་ལེ ༢༩༥༠ ཙམ་བཅོས་སྒྲིག་བྱ་རྒྱུ།  ཞིང་ཁར་ཆུ་འདྲེན་རྒྱ་ཁྱོན་མུའུ་ཁྲི ༢༨༠༠ ཙམ་ཆེ་རུ་འགྲོ་རྒྱུ།  ལོར་ཆུ་སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར ༤༢༠ ཙམ་མཁོ་འདོན་ཐུབ་རྒྱུ་བཅས་རེད།།
  ༼  རྩོམ་སྒྲིག་ནོར་བུ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]