ད་ལོའི་ལོ་སྟོད་དུ་རང་རྒྱལ་གྱི་གསེར་གྱི་ཐོན་ཚད་དང་འཛད་སྤྱོད་བྱེད་ཚད་སྤྱིར་ན་ཆག་པ།

ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2020-08-07

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ཉེ་དུས།  ཀྲུང་གོ་གསེར་མཐུན་ཚོགས་ཀྱིས་ཁྱབ་བསྒྲགས་བྱས་པའི་གྲངས་གཞི་ལས་མངོན་པར་གཞིགས་ན།  ཏོག་གསར་གློ་ཚད་ནད་ཡམས་ཀྱི་རྐྱེན་པས། སྤྱི་ལོ ༢༠༢༠ ལོའི་ལོ་སྟོད་དུ་རང་རྒྱལ་གྱི་གསེར་གྱི་ཐོན་ཚད་དང་འཛད་སྤྱོད་བྱེད་ཚད་ན་ནིང་གི་དུས་མཚུངས་པ་ལས་ཆག་ཡོད།  ད་ལོའི་ལོ་སྟོད་དུ་རང་རྒྱལ་དུ་གསེར་གྱི་འཛད་སྤྱོད་བྱེད་ཚད་ཀྲོན ༣༢༣.༢༩ ཟིན་པ་དེ་དུས་མཚུངས་པ་ལས་བརྒྱ་ཆ ༣༨.༢༥ ཆག་ཡོད།  
གསེར་གྱི་རྒྱན་ཆ་འཛད་སྤྱོད་བྱེད་ཚད་ཀྲོན ༢༠༧.༨༧ ཟིན་པ་དེ་དུས་མཚུངས་པ་ལས་བརྒྱ་ཆ ༤༢.༠༦ ཆག་པ་དང་།  གསེར་ལེབ་དང་གསེར་ཊམ་གྱི་འཛད་སྤྱོད་བྱེད་ཚད་ཀྲོན ༧༦.༩༨ ཟིན་པ་དེ་དུས་མཚུངས་པ་ལས་བརྒྱ་ཆ ༣༢.༡༢ ཆག་པ།  བཟོ་ལས་དང་དེ་མིན་ལ་སྤྱོད་པའི་གསེར་གྱི་འཛད་སྤྱོད་བྱེད་ཚད་ཀྲོན ༣༨.༤༤ ཟིན་པ་དེ་དུས་མཚུངས་པ་ལས་བརྒྱ་ཆ ༢༥.༡༦ ཆག་ཡོད།།

  ༼  རྩོམ་སྒྲིག་ནོར་བུ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]