ཀྲུང་གོ་ལྕགས་ལམ་གྱི་གཉེར་སྐྱོང་ལམ་ཐག་སྤྱི་ལེ་ཁྲི༡༤ལྷག་ཙམ་ཟིན་ནས་འཛམ་གླིང་གི་ཨང་གཉིས་པར་སླེབས།

ཡོང་ཁུངས།   མི་དམངས་དྲ་བ།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2020-08-14

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

གསར་འགོད་པར་ཀྲུང་གོ་རྒྱལ་ཁབ་ལྕགས་ལམ་ཚོགས་པ་ཚད་ཡོད་ཀུང་སི་ནས་ཤེས་རྟོགས་བྱུང་བར་གཞིགས་ན།  སྤྱི་ཟླ་བདུན་པར་རྒྱལ་ཡོངས་ཀྱི་ལྕགས་ལམ་ལ་གཏན་འཇགས་རྒྱུ་ནོར་གྱི་་སྒོར་དུང་ཕྱུར ༦༧༡ བཏང་བ་དེ་ལོ་གོང་མའི་དུས་མཚུངས་ལས་བརྒྱ་ཆ ༣.༦ འཕར་ཞིང་།  དེའི་ནང་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་གྱི་རྣམ་གྲངས་ཆེ་འབྲིང་ལ་སྒོར་དུང་ཕྱུར ༤༩༩ བཏང་བ་དེ་ལོ་གོང་མའི་དུས་མཚུངས་ལས་བརྒྱ་ཆ ༡༡.༣ འཕར་ཡོད།
སྤྱི་ལོ ༢༠༢༠ ལོའི་ཟླ་བདུན་པའི་ཟླ་མཇུག་བར་ཀྲུང་གོ་ལྕགས་ལམ་གྱི་གཉེར་སྐྱོང་ལམ་ཐག་སྤྱི་ལེ་ཁྲི ༡༤.༡༤ ཟིན་ནས་འཛམ་གླིང་གི་ཨང་གཉིས་པར་སླེབས་པ་དང་མྱུར་བགྲོད་ལྕགས་ལམ་སྤྱི་ལེ་ཁྲི ༣.༦ ཟིན་ནས་འཛམ་གླིང་གི་ཨང་དང་པོ་སླེབས་ཡོད།  སྤྱི་ཟླ་བདུན་པའི་ཟླ་མཇུག་བར་རྒྱལ་ཡོངས་ལྕགས་ལམ་གྱི་ལམ་ཐིག་གསར་པ་སྤྱི་ལེ ༡༣༡༠ བསྐྲུན་ཟིན་པའི་ཁྲོད་མྱུར་བགྲོད་ལྕགས་ལམ་སྤྱི་ལེ ༧༣༣ ཟིན་ཡོད།།

  ༼  རྩོམ་སྒྲིག་ནོར་བུ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]