ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཀྱི་རྒྱ་ཆེའི་དགེ་རྒན་དང་སློབ་གསོའི་ལས་དོན་པར་དུས་ཆེན་ལ་རྟེན་འབྲེལ་ཞུས་པ་དང་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་གནང་།

ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2020-09-11

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

དགེ་རྒན་དུས་ཆེན་ཐེངས་སོ་དྲུག་པའི་མཚམས་སུ།  ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཏང་ཀྲུང་དབྱང་གི་ཚབ་ཞུས་ནས།  རྒྱལ་ཡོངས་ཀྱི་རྒྱ་ཆེའི་དགེ་རྒན་དང་སློབ་གསོའི་ལས་དོན་པར་དུས་ཆེན་ལ་རྟེན་འབྲེལ་ཞུས་པ་དང་ལྷག་བསམ་ཟོལ་མེད་ཀྱི་འཚམ་འདྲི་གནང་བ་རེད།

ཞི་ཅིན་ཕིང་གིས་གསུངས་དོན།  གློ་བུར་དུ་ཐོན་པའི་ཏོག་གསར་གློ་ཚད་རིམས་ནད་ཀྱི་མདུན་དུ།  རྒྱལ་ཡོངས་ཀྱི་རྒྱ་ཆེའི་དགེ་རྒན་རྣམས་ཀྱིས་དཀའ་ངལ་ལ་མ་འཛེམ་པར་མདུན་དུ་བསྐྱོད་དེ།  རིམས་ནད་ལ་འགོག་རྒོལ་བྱེད་པ་དངསློབ་མཚམས་བཞག་ཀྱང་སློབ་སྦྱོང་བྱེད་མཚམས་མི་འཇོག་པ་དང་།  སློབ་ཁྲིད་བྱེད་མཚམས་མི་འཇོག་པའིའཐབ་ཕྱོགས་གཉིས་ཀྱི་ཐོག་འབད་འཐབ་བྱེད་པ་དང་།  སློབ་མ་དུང་ཕྱུར་མང་པོའི་ལུས་སེམས་བདེ་ཐང་ལ་ལྟ་སྐྱོང་བྱེད་པ་དང་།  འཛམ་གླིང་ཐོག་གཞི་ཁྱོན་ཆེ་ཤོས་ཀྱི་དྲ་ཐོག་སློབ་གསོར་འདེགས་སྐྱོར་བྱས་ནས།  རིམས་ནད་ལ་འགོག་རྒོལ་ལ་ལེགས་སྐྱེས་གལ་ཆེན་ཕུལ་ཡོད།  ད་ལོ་ནི་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པ་དང་དབུལ་སྒྲོལ་འགག་སྒྲོལ་གྱི་མཐའ་མའི་རྒྱལ་ཁ་ལེན་པའི་ལོ་ཡིན་པས།  རྒྱལ་ཡོངས་ཀྱི་རྒྱ་ཆེའི་དགེ་རྒན་རྣམས་ཀྱིས་གཅེས་སེམས་དང་བློ་གྲོས་ལ་བརྟེན་ནས་རྒྱུན་འཇགས་དབུལ་པོ་གཏན་འགོག་བྱེད་པ་དང་གྲོང་གསེབ་ཀྱི་ཕྲུ་གུ་ཁྲི་སྟོང་མང་པོའི་མི་ཚེའི་ཕུགས་འདུན་མངོན་འགྱུར་བྱེད་པར་ལམ་སྣེ་ཁྲིད་དེ།  དེང་རབས་མི་དམངས་དགེ་རྒན་གྱི་བླ་ན་མེད་པའི་ཀུན་སྤྱོད་དང་འགན་འཁྲི་འཁུར་སེམས་མངོན་ཡོད།  རྒྱ་ཆེའི་དགེ་རྒན་རྣམས་ཀྱིས་ཀུན་སྤྱོད་ལ་བརྟེན་ནས་མི་སྐྱོང་བའི་ཐོག་མའི་བསམ་འདུན་མ་བརྗེད་པ་དང་།  ཏང་གི་ཆེད་དུ་མི་སྐྱོང་བ་དང་རྒྱལ་ཁབ་ཀྱི་ཆེད་དུ་ཤེས་ལྡན་པ་སྐྱོང་བའི་འགན་འཁྲི་བློ་ལ་བརྟན་པོར་འཆང་བ།  དུས་རབས་གསར་པའི་སློབ་གསོ་དང་སློབ་ཁྲིད་བྱེད་ཐབས་འཚོལ་ཞིབ་ཧུར་ཐག་བྱེད་པ།  དཔེ་ཁྲིད་མི་སྐྱོང་གི་འཇོན་ཐང་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་བཅས་ཀྱིས་ཀུན་སྤྱོད་དང་།  ཤེས་རིག  ལུས་རྩལ།  མཛེས་རྩལ།  ངལ་རྩོལ་བཅས་ཕྱོགས་ཡོངས་ནས་འཕེལ་རྒྱས་ཕྱིན་པའི་སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་པ་དང་རྒྱུན་འཛིན་པ་གསོ་སྐྱོང་བྱ་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་རེ་ཡོད།

ཞི་ཅིན་ཕིང་གིས་ནན་གསུངས་གནང་དོན།  རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་ལྷག་བསམ་ཟོལ་མེད་ངང་དགེ་རྒན་ལ་ཐུགས་ཁུར་བྱས་ཏེ།  དགེ་རྒན་ནི་སྤྱི་ཚོགས་ཀྱི་བརྩི་བཀུར་ཐོབ་པ་དང་མི་རྣམས་ཡིད་སྨོན་སྐྱེ་འོས་པའི་ལས་རིགས་ཤིག་ཏུ་འགྱུར་བར་བྱེད་པ་དང་།  སྤྱི་ཚོགས་ཡོངས་སུ་དགེ་རྒན་ལ་གུས་བཀུར་དང་སློབ་གསོར་མཐོང་ཆེན་བྱེད་པའི་དར་སྲོལ་བཟང་པོ་གཏོད་དགོས།  རྒྱུན་རྣམ་ཅན་གྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་དང་སློབ་གསོ་སློབ་ཁྲིད་ཀྱི་ལས་དོན་སྤྱི་འདོམས་ཡག་པོ་བསྒྲུབས་ཏེ།  ཕྱོགས་ཡོངས་ནས་སློབ་འགོ་བསྐྱར་ཚུགས་དང་།  རྒྱུན་གཏན་ལྟར་སློབ་འགོ་བསྐྱར་ཚུགས།  བདེ་འཇགས་ངང་སློབ་འགོ་བསྐྱར་ཚུགས་ཐུབ་པའི་འགན་ལེན་བྱེད་དགོས།  རང་རྒྱལ་དུ་ད་ལྟ་རིམ་པ་ཁག་དང་རིགས་ཁག་གི་ཆེད་འགན་འཁུར་བའི་དགེ་རྒན་ཁྲི ༡༧༣༢ ཡོད།  རྒྱ་ཆེའི་དགེ་རྒན་གྱིས་རིམས་ནད་ཐོན་རིང་གཞི་ཁྱོན་ཆེན་པོས་དྲ་ཐོག་ཏུ་སློབ་ཁྲིད་བྱས་ཏེ།  རྒྱལ་ཡོངས་ཀྱི་སློབ་མ་དུང་ཕྱུར ༢.༨ ཀྱི་སྣེ་མང་ཅན་གྱི་སློབ་སྦྱོང་དགོས་མཁོ་བསྐངས་པ་དང་སློབ་གསོའི་སློབ་ཁྲིད་བྱེད་སྟངས་ལ་གསར་བརྗེའི་རང་བཞིན་གྱི་གསར་སྒྱུར་ལ་སྐུལ་འདེད་བཏང་ཡོད།  གྲོང་གསེབ་ཀྱི་དགེ་རྒན་ཁྲི་བརྒྱ་གྲངས་དང་།  དམིགས་བསལ་ལས་གནས་ཀྱི་དགེ་རྒན་ཁྲི་བརྒྱ་ཙམ།  སློབ་སྐྱོར་དགེ་རྒན་ཁྲི་བཅུ་ཕྲག་བཅས་ཀྱིས་ཐག་རིང་ལུང་ཁུག་དང་།  དབུལ་པོ་དབུལ་རྐྱང་།  དཀའ་ཚེགས་ཆེ་ཤོས་བཅས་ཀྱི་ས་ཁུལ་དུ་ལས་གནས་བརྟན་སྲུང་བྱས་ཏེ།  དབུལ་སྒྲོལ་འགག་སྒྲོལ་གྱི་དམིགས་ཚད་ལས་འགན་དུས་བཀག་ལྟར་ལེགས་སྒྲུབ་ཐུབ་པའི་འགན་ལེན་བྱས་པ་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པར་སྟོབས་ཤུགས་སྐྱེས་སུ་ཕུལ་ཡོད།།

  ༼  རྩོམ་སྒྲིག་ནོར་བུ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]