ཀྲུང་གོའི་ནུབ་རྒྱུད་ཀྱི་དམངས་གཞས༼ལ་གླུ༽ཀྱི་གླུ་ལེན་འདུ་ཚོགས་སྐབས་བཅུ་བདུན་པ་དབྱིན་ཁྲོན་དུ་འཚོགས།

ཡོང་ཁུངས།   མི་དམངས་དྲ་བ།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2020-10-22

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ཉེ་དུས།  ཀྲུང་གོའི་ནུབ་རྒྱུད་ཀྱི་དམངས་གཞས༼ལ་གླུ༽ཀྱི་གླུ་ལེན་འདུ་ཚོགས་སྐབས་བཅུ་བདུན་པ་དབྱིན་ཁྲོན་དུ་འགོ་ཚུགས་པ་རེད།  འགོ་ཚུགས་མཛད་སྒོའི་ཐོག་སྙན་འཇེབས་ལྡན་པའི་ལ་གླུ་ལེན། འབྱོར་འབྲིང་ཕྱོགས་སུ་ཧུར་ཐག་སྐྱོད་ཅེས་པ་བརྗོད་དོན་གཙོ་བོར་བྱས་པའི་ཉིང་ཞའི་ས་ཁོངས་ཀྱི་ཁྱད་ཆོས་ལྡན་པའི་རིག་རྩལ་འཁྲབ་སྟོན་བྱས་ནས།  གནམ་འོག་རྨ་ཆུའི་རྒྱུད་ཀྱི་འབྱོར་ཕྱུག་ལྡན་པའི་ཉིང་ཞ་དང་།  སྙན་འཇེབས་ལྡན་པའི་ལ་གླུ་བླངས་ནས་ཉིང་ཞ་ལ་བསྟོད་གླུ་ལེན།  བློ་སེམས་གཅིག་མཐུན་ངང་འབྱོར་འབྲིང་ཕྱོགས་སུ་ཧུར་སྐྱོད་བཅས་ཀྱི་ལེ་ཚན་ཁག་གསུམ་ལས་མཛེས་སྡུག་ལྡན་པའི་ཉིང་ཞའི་རྣམ་པ་གང་ལེགས་མངོན་པར་བྱས་ཡོད།
ཀྲུང་གོའི་ནུབ་རྒྱུད་ཀྱི་དམངས་གཞས༼ལ་གླུ༽ཀྱི་གླུ་ལེན་འདུ་ཚོགས་ནི་སྤྱི་ལོ ༡༩༩༨ ལོར་གཉེར་འགོ་ཚུགས་པ་དང་ད་བར་སྐབས་བཅོ་དྲུག་ལེགས་སྒྲུབ་ལྡན་པའི་ངང་གཉེར་ནས། ནུབ་རྒྱུད་ཀྱི་ཞིང་ཆེན༼རང་སྐྱོང་ལྗོངས༽དབར་རིག་གནས་སྤེལ་རེས་ཀྱི་ལས་སྟེགས་ཡག་པོ་ཞིག་བཏོད་ཡོད།  ད་ཐེངས་ཀྱི་གླུ་ལེན་འདུ་ཚོགས་ནང་འགོ་ཚུགས་མཛད་སྒོ་དང་དམངས་གཞས་ཆེད་དོན་འགྲན་བསྡུར་གཉིས།  གདོད་མའི་རྣམ་པའི་ལ་གླུའི་ཆེད་དོན་འགྲན་བསྡུར་གཅིག  མཇུག་སྒྲིལ་མཛད་སྒོ་དང་བྱ་དགའ་སྤྲོད་པའི་མཛད་སྒོ  ཕུལ་བྱུང་ལེ་ཚན་གྱི་དམངས་ཕན་འཁྲབ་སྟོན་སོགས་ལ་དབྱེ་བ་དང་།  བོད་རིགས་དང་།  ཀྲོང་རིགས།  ཧུད་རིགས།  མེའོ་རིགས།  དབྱིས་རིགས།  པའེ་རིགས།  སོག་རིགས།  ཡུ་ཀུར་རིགས་སོགས་འདུས་པའི་གྲངས་ཉུང་མི་རིགས་ཀྱི་འཐུས་མིའི་རུ་ཁག ༡༨ དང་གཞས་པ་གཞས་མ ༢༠༠  ལྷག་ཙམ་འགྲན་བསྡུར་ནང་ཞུགས་ཡོད།།

  ༼  རྩོམ་སྒྲིག་ནོར་བུ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]