མལ་གྲོ་གུང་དཀར་རྫོང་དུ་ལོ་གསུམ་ནང་དམངས་ཕན་ཟམ་པ༡༠༠བསྐྲུན་རྒྱུ།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2020-07-23

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ཉེ་དུས།  ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་རྫོང་གི་ཞིང་འབྲོག་ཁུལ་དུ་ཟམ་པ་སྐྲུན་པའི་སྤྱི་ཕན་རྣམ་གྲངས་དེ་རྒྱ་མ་ཤང་དུ་དངོས་སུ་ལག་བསྟར་བྱེད་འགོ་ཚུགས་པ་དང་།  རྣམ་གྲངས་དེ་བརྒྱུད་ལོ་གསུམ་ནང་མལ་གྲོ་གུང་དཀར་རྫོང་དང་ཤང་༼གྲོང་རྡལ༽བརྒྱད་ཀྱི་ཞིང་འབྲོག་ཁུལ་དུ་དམངས་ཕན་ཟམ་པ་བརྒྱ་ཡན་བསྐྲུན་རྩིས་ཡོད།  ངོ་སྤྲོད་བྱས་པར་གཞིགས་ན།  སྤྱི་ཕན་རྣམ་གྲངས་དེ་མལ་གྲོ་གུང་དཀར་རྫོང་དང་ཅང་སུའུ་ཞིང་ཆེན་ནན་ཅིང་གྲོང་ཁྱེར་གྱི་བོད་སྐྱོར་ལས་དོན་ཚོགས་ཆུང་།  སྤྱི་ཚོགས་ཁེ་ལས།  སྤྱི་ཕན་རྩ་འཛུགས་སོགས་ཕྱོགས་མང་པོས་མཉམ་སྐྲུན་བྱས་པ་ཞིག་ཡིན་པ་དང་།  བོད་སྐྱོར་ལས་དོན་ཚོགས་ཆུང་གིས་སྐུལ་འདེད་བཏང་བའི་འོག  ཅང་ལིང་རླངས་འཁོར་ཁེ་ལས་ནི་རྣམ་གྲངས་དེའི་མཉམ་སྐྲུན་སྤྱི་ཚོགས་ཁེ་ལས་ཐོག་མ་དེར་གྱུར་ཡོད།

ཉེ་བའི་ལོའི་རིང་མལ་གྲོ་གུང་དཀར་རྫོང་གིས་དབུལ་གྲོལ་འགག་སྒྲོལ་ལ་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པའི་འཕེལ་རིམ་ཁྲོད།  རྨང་གཞིའི་སྒྲིག་བཀོད་དང་སྤྱི་པའི་རྟ་སྒ་ཆ་སྒྲིག་གི་སྒྲིག་བཀོད་ལ་ཕྱོགས་ཡོངས་ནས་ལེགས་བཅོས་ཐུབ་ཡོད་པ་དང་།  ཐེངས་འདིའི་ཅང་ལིང་རླངས་འཁོར་ཁེ་ལས་དང་མལ་གྲོ་གུང་དཀར་རྫོང་མཉམ་ལས་ཐོག་ཟམ་པ་སྐྲུན་པའི་སྤྱི་ཕན་རྣམ་གྲངས་ལ་རམ་འདེགས་བྱས་ནས།  སྤྱི་ལོ ༢༠༢༠ ལོར་དུས་ཐེངས་དང་པོའི་དམངས་ཕན་ཟམ་པ་ལས་གཞི ༢༥ བསྐྲུན་རྩིས་ཡོད་ཅིང་།  སྤྱི་ལོ ༢༠༢༠ ནས ༢༠༢༢ ལོའི་བར་ཅང་ལིང་རླངས་འཁོར་ཁེ་ལས་ཀྱིས་མལ་གྲོ་གུང་དཀར་རྫོང་དུ་གྲོང་གསེབ་དར་རྒྱས་ཐད་རོགས་འདེགས་བྱ་ཆེད་ཁྱོན་མ་དངུལ་སྒོར་ཁྲི་ཚོ ༦༠༠ ཞལ་འདེབས་བརྒྱབ་ཡོད།།   

  ༼  རྩོམ་སྒྲིག་ཚེ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]