ལྗོངས་ཡོངས་སུ་ཟས་སྤྱོད་ཞིང་ཞོར་ཐོན་རྫས་ཀྱི་ཚད་ལོན་ལག་ཁྱེར་ལམ་ལུགས་ཁྱབ་གདལ་གཏོང་རྒྱུ།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2020-07-25

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ཉིན་ཤས་གོང་རང་ལྗོངས་ཀྱིས་འབྲེལ་ཡོད་ལག་བསྟར་ཇུས་གཞི་པར་འགྲེམས་བྱས་ཏེ།  ལྗོངས་ཡོངས་སུ་ཟས་སྤྱོད་ཞིང་ཞོར་ཐོན་རྫས་ཀྱི་ཚད་ལོན་ལག་ཁྱེར་ལམ་ལུགས་ཁྱབ་གདལ་གཏོང་རྒྱུ་དང་།  ཚོད་ལྟའི་ལག་བསྟར་བྱེད་ཡུལ་ནི་ཟས་སྤྱོད་ཞིང་ཞོར་ཐོན་རྫས་ཐོན་སྐྱེད་ཀྱི་ཁེ་ལས་དང་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་།  ཁྱིམ་ཚང་འབྲོག་ར།   འདེབས་འཛུགས་བྱེད་མཁན་ཆེ་གྲས་བཅས་ཡིན་ཞིང་།  ད་དུང་ཞིང་འབྲོག་དུད་ཆུང་གྲས་དེའི་ནང་ཐེ་ཞུགས་བྱེད་རྒྱུར་སྐུལ་ལྕག་བྱ་རྒྱུ་མ་ཟད།  ཁ་གསལ་སྟོན་པའི་ཚོད་ལྟའི་ཐོན་རྫས་རིགས་ནང་སྔོ་ཚལ་དང་ཤིང་འབྲས་སོགས་རིགས་ལྔའི་ཟས་སྤྱོད་ཞིང་ཞོར་ཐོན་རྫས་ནང་ལ་ཡང་ཚུད་ཡོད།  སྤྱི་ཟླ་དྲུག་པའི་ཟླ་མཇུག་བར་ལྗོངས་ཡོངས་ཀྱི་རྫོང་༼ཆུས༽ ༢༣ གྱི་ཞིང་ཞོར་ཐོན་རྫས་ཐོན་སྐྱེད་བྱེད་པོ ༥༧ ལ་ཟས་སྤྱོད་ཞིང་ཞོར་ཐོན་རྫས་ཀྱི་ཚད་ལོན་ལག་ཁྱེར ༤༠༠༠ ལྷག་ཙམ་སྤྲད་ཟིན་ཞིང་།  ཐོན་སྐྱེད་བྱེད་པོ་དེ་དག་གིས་ལག་ཁྱེར་རགས་རྗེས་ཞིང་ཞོར་ཐོན་རྫས་ཀྲོན ༡༢༠༠༠ ལྷག་ཙམ་ཕྱིར་འཚོང་བྱས་པ་རེད།།

  ༼  རྩོམ་སྒྲིག་ཚེ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]